( པར་ངོས་དང་པོར་མཐུད།)རིམ་པ་བཞིན་ཉེན་མེད་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཧྲིལ་སྐྱོང་ལེགས་འཁོར་གྱི་ཉེན་མེད་དོ་དམ་མ་ལག་བསྐྲུན་ནས་རྒྱུན་རྣམ་ཅན་གྱིས་ལམ་ངོས་དང་། ཆུ་འབུད། གློག་སྤྱོད། ཨར་ལས་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་བྱེད་ཅིང་། ཨར་ལས་ཇུས་གཞི་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་ལས་ཡུན་བཀོད་གཏོང་བྱས་ཏེ་ཁོངས་གཏོགས་ས་ཆར་ལྟ་སྐུལ་དོ་དམ་དང་ལས་ཡུལ་དུ་མཛུབ་ཁྲིད། ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཞིའི་གྲུབ་རྐྱེན་གཙོ་བོ་མཁོ་སྤྲོད་དང་ཨར་ལས་འགག་གནད་སོགས་ཀྱི་དངོས་ཡོད་གནད་དོན་རང་འགུལ་ངང་མཐུན་སྦྱོར་ཐག་གཅོད་བྱས་ནས་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་འགོག་རྐྱེན་གཙང་སེལ་བྱས་ཏེ་ཉེན་མེད་བློས་འགེལ་ཆོག་པ་དང་། སྤུས་ཀ་ལེགས་པོ། སྦག་མེད་སྐྱེ་ཁམས་བཅས་ཀྱི་འགྲིམ་འགྲུལ་ལས་གཞི་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་བསྟན་པ་རེད།
ཀྲའོ་པོ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་བཀྲ་ཤིས་དགོན་དང་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་ཇོ་མོ་དགོན་དུ་ཕེབས་ནས་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ལྷན་རྒྱས་དང་གླེང་མོལ་ཞིབ་རྒྱས་གནང་ནས་ཚང་མས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེ་མཐར་ཕྱིན་བསྟར་བ་དང་། དགོན་པ་ཁྲིམས་ལྟར་དོ་དམ་བྱས་ཚུལ་དང་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ་འགན་ལེན་དང་ལམ་ལུགས་ཁག་དོན་ལ་འཁྱོལ་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཆོས་ལུགས་ལས་རིགས་མི་སྣ་རྒྱ་ཆེན་གྱིས་ནམ་ཡང་ཏང་དང་སེམས་མཐུན་ཕྱོགས་མཐུན་བྱ་རྒྱུ་དང་། བློ་རྣལ་དུ་ཕབ་ནས་ཐོས་བསམ་སྒོམ་སྒྲུབ་ལ་གཞོལ་བ། ཁྲིམས་སྒྲིག་སྲུང་བ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་འདོན་ཐུབ་པའི་དཔེ་སྟོན་པ་བྱ་དགོས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པ་དང་། རང་ཚུགས་དང་རང་བདག། རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཤིང་། 《ཆོས་ལུགས་ལས་དོན་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་ལག་ལེན་ཡག་པོ་བྱེད་པ། ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བ་དང་འདུ་ཤེས་གསུམ་གྱི་བྱེད་སྒོ་རྒྱུན་ལྡན་ངང་ཡག་པོ་སྤེལ་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་ཁྲིད་ཧུར་ཐག་བྱ་དགོས། དགོན་གཉེར་ལས་བྱེད་པས་འགན་ནུས་ཡག་པོ་སྒྲུབ་པ་དང་། ཁྲིམས་ལྟར་དོ་དམ་དང་དམངས་གཙོ་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་ཤིང་། དགོན་པའི་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྲིམས་སྐྱོང་སློབ་གསོ་ཡིས་ཁྱབ་པར་བྱེད་ཅིང་། དོ་དམ་དང་ཞབས་ཞུ་མཉམ་འཛིན་བྱས་ནས་ཆོས་ལུགས་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་ཞེས་གསུངས་པ་རེད།།
( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)
