( པར་ངོས་དང་པོར་མཐུད།)དགོན་པའི་རིག་དངོས་སྲུང་སྐྱོང་ཞིབ་ཚགས་བྱས་ཏེ་དགོན་པའི་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་། དཀའ་ངལ་ཡོད་པའི་གྲྭ་བཙུན་གྱི་འཚོ་སྐྱོང་དམའ་སྐྱོར་འགན་ལེན་དོན་ལ་འཁྱོལ་དགོས་པ་དང་། དགོན་པའི་མེ་ཟོན་དང་ས་འགུལ་གནོད་འཚེ་འགོག་ཟོན་ཡག་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས“ལྔ་གཉིས་གསུམ”གྱི་སློབ་གསོ་དང“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ནས་མེས་རྒྱལ་གཅིག་གྱུར་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
དཀར་མཛེས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་དང་བཅིངས་འགྲོལ་ཁྲོམ་ལམ་གྱི་ལམ་བཞི་མདོ་ཁའི་ཉེན་རྟོག་ལས་དོན་ཁང་དང་། བྲག་མགོ་རྫོང་ལྕོག་རི་དགོན་མངགས་གཏོང་ཁང་བཅས་སུ་དབྱང་ཧུང་ཧྲོའུ་ཡིས་ལས་རེས་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་དང་། ལས་རེས་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་ནས་ཚང་མར་ལས་རེས་གྲ་སྒྲིག་དང་འཚུབ་བསྟུན་གྲ་སྒྲིག་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
བྲག་མགོ་རྫོང་ནས་ནག་ཐོན་ལས་གླིང་ཁུལ་དང་ཨང་ཀི་རིག་ནུས་རོགས་འདེགས་ལྟེ་གནས་སུ་དབྱང་ཧུང་ཧྲོའུ་ཡིས་ཡུལ་དངོས་སུ་ཞིང་ལས་དམིགས་བསལ་ཐོན་རྫས་ལས་སྣོན་དང་། གློག་རྡུལ་ཚོང་དོན་ལས་སྟེགས་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།ཁོང་གིས་ཁེ་ལས་ཀྱིས་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ་དང་། གནས་འཛོལ་འཕེལ་རྒྱས་རྒྱུན་འཁྱོངས་ཏེ་བཟོ་རྩལ་རིམ་སྤོར་དང་། སྦྲེལ་ཐག་སྣུར་སྲིང་བྱེད་མགྱོགས་སུ་བཏང་ནས“རིགས་རྒྱུད་ལེགས་པ་དང་། སྤུས་ཚད་ལེགས་པ། སྤུས་རྟགས་ལེགས་པ”བཅས་ཀྱི་ལམ་བུར་བསྐྱོད་དེ། ཐོན་ལས་ཀྱི་སྒུལ་ནུས་ཁྱོན་ཡོངས་ནས་སྐུལ་སློང་བྱ་དགོས། ཁོངས་གཏོགས་སྲིད་གཞུང་གིས་མཉམ་འགུལ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།ལྷག་པར་དུ་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ཚོང་འགག་གནད་བསལ་བ་དང་།ཨང་ཀི་ཅན་དང་ཆ་འཕྲིན་ཅན་ལ་བརྟེན་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། ཞིང་པའི་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ནས་ཐོན་ལས་དང་པོ་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་བསྐུལ་དགོས་ཞེས་བསྟན་པ་རེད།
དབྱང་ཧུང་ཧྲོའུ་ཡིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས“སྲིད་འགན་ལག་རྗེས་སུའི་ཆེད་དུ་འཆང་བ་དང་། སྲིད་འགན་ལག་རྗེས་གང་འདྲ་ཞིག་འཆང་བ། སྲིད་འགན་ལག་རྗེས་གང་ལ་བརྟེན་ནས་འཆང་བ”བཅས་ཀྱི་རྩ་བའི་གནད་དོན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་པ་ནི་ལས་སྒྲུབ་ལས་སྐྲུན་གྱི་རྩ་བའི་གཞི་འཛིན་ས་ཡིན། དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འགན་ལག་རྗེས་འཆང་བ་དང་དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འགན་ལག་རྗེས་འཆང་ཐུབ་པ་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་གིས་བྱང་རྒྱུད་ཁུལ་ཁོངས་ཀྱི་ལྟེ་གནས་ཟུར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སྤྱི་ཡོངས་ལ་གཞིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཞིག་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་དཀར་མཛེས་རྫོང་འཕེལ་རྒྱས་ཀྱི་སྤྱིའི་སྣེ་ཁྲིད་དང་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཡིན་པས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱིས་སྣེ་ཁྲིད་དེ“ལྟེ་གནས་ཟུར་པ”ཡུན་བརྟན་ཡོང་བར་འགན་ལེན་ཐུབ་པ་བྱ་དགོས། ཉེན་མེད་ཀྱིས་རྨང་གཞི་སྲ་མོར་བཟོས་ཏེ“ལྟེ་གནས་ཟུར་པ”ཡི་ཁོར་ཡུག་བརྟན་པོར་བསྐྲུན་དགོས། འཕེལ་རྒྱས་ཀྱིས་རྨང་གཞི་བརྟན་དུ་བཏང་ནས“ལྟེ་གནས་ཟུར་པ”ཡི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་དགོས། སྐྱེ་ཁམས་སྔོན་ལ་བསྐྱངས་ཏེ“ལྟེ་གནས་ཟུར་པ”ཡི་མཛེས་མདངས་གསོ་དགོས། དམངས་འཚོ་གཙོ་བོར་བཟུང་སྟེ“ལྟེ་གནས་ཟུར་པ”བདེ་སྐྱིད་འབྱུང་ཚད་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)
