སྤྱི་ཟླ6པའི་ཚེས30ཉིན་བར་དཀར་མཛེས་ཁུལ་གྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར54.58ལེགས་གྲུབ་བྱུང་བ་དེས་ལོ་འགོའི་སྔོན་རྩིས་ཀྱི་བརྒྱ་ཆ72.33ལ་ཟིན་པ་དང་། གོ་རིམ་དུས་ཚོད་ལས་བརྒལ་བའི་མྱུར་ཚད་བརྒྱ་ཆའི་གྲངས22.33ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ22.75འཕར་ནས་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།ཁུལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར233.35ལེགས་གྲུབ་བྱུང་བ་དེས་ལེགས་སྒྲིག་སྔོན་རྩིས་ཀྱི་བརྒྱ་ཆ52.22བཟུང་བ་དང་།དུས་ཚོད་རིམ་བརྒལ་གྱི་མྱུར་ཚད་བརྒྱ་ཆའི་གྲངས2.22ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.37འཕར་ཡོད་པ་རེད། ནོར་སྲིད་གཏོང་ཡོང་གི“དུས་ཚོད་དང་ལས་འགན་གཉིས་ཕྱེད་ལས་བརྒལ་བ”ཡི་དམིགས་འབེན་གྲུབ་པ་རེད།
ད་ལོ་ནས་བཟུང་དཀར་མཛེས་ཁུལ་ནོར་སྲིད་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་ལས་ཀའི་བླང་བྱ་ལྟར་སྔོན་ལ་བཀོད་སྒྲིག་དང་། བཀོད་གཏོང་ནན་པོ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ཤུགས་ཡོད་རྒུས་ལོ་སྟོད་ཀྱི་ལས་འགན་སྒྲུབ་གང་ཐུབ་བྱས་པ་དང་། ཡོང་འབབ་བསྡུ་ལེན་དོ་དམ་ཐད་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་བརྟན་པོའི་ངང་འཕར་སྣོན་ཡོང་བ་བྱེད་པ་དང་འགྲོ་གྲོན་འགན་ལེན་ཐད་སྒྲིག་གཞི་ལེགས་སུ་བཏང་ནས་ཁེ་ཕན་ཆེ་རུ་གཏོང་བ་བྱས་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)
