སྤྱི་ཟླ7པའི་ཚེས11ཉིན།གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན་ད་ལོའི་ཟླ་བ9པའི་ཟླ་མཇུག་གོང་སི་ཁྲོན་གྱི་མཚོ་འཕགས་སྨི2800ཡན་གྱི་གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་ཚང66ལ་གསོ་རླུང་མཁོ་འདོན་གྱི་སྒྲིག་ཆས་སྔ་རྗེས་སུ་སྒྲིག་སྦྱོར་བྱས་ནས་ལས་བྱེད་ལས་བཟོ་སྟོང་ཕྲག་ལྷག་ལ་དངོས་ཕན་ཐོགས་པ་དང་འབྲེལ་མཐའ་འཁོར་གྱི་ལས་བཟོ་ཁྲི5ཙམ་ལའང་ཕན་ཐོགས་རྒྱུ་རེད།
སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཆ་སྙོམས་མཚོ་འཕགས་མཐོ་ཞིང་། ལས་བྱེད་པ་དང་ལས་བཟོ་ཁག་གཅིག་དུས་ཡུན་རིང་པོར་མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ལས་ཀ་དང་འཚོ་བ་སྐྱེལ་གྱི་ཡོད་པས་གསོ་རླུང་མཁོ་འདོན་གྱི་དགོས་མཁོ་ཁ་ཚ་དགོས་གཏུགས་སུ་གྱུར། ཉེ་བའི་ལོ་ཤས་རིང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམ་རྩིས་བྱས་ན“གངས་ལྗོངས་མཐོ་སྒང་གི་ལས་བཟོ་པའི་ཁྱིམ་ཚང”འཛུགས་སྐྲུན་ལས་གཞི77ལག་བསྟར་བྱས་པ་དང་།ད་ལོ་གསོ་རླུང་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་ལས་དོན་སྤེལ་འགོ་འཛུགས་པ་རེད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིའང་ཧྲན་ཁུལ་བཅས་དང་།འབྲེལ་ཡོད་རྫོང(གྲོང་ཁྱེར)སྤྱི་ཁྱབ་བཟོ་ཚོགས་སྒྲིག་འཛུགས་བྱས་ནས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་ཁྱིམ་གཞིས་ཁག་གི་ས་བབ་དང་ད་ཡོད་སྒྲིག་ཆས། དགོས་མཁོ་དངོས་བཅས་ཤེས་རྟོགས་བྱས་པ་རེད། ཕྱོགས་བསྡུས་བརྡར་གཅོད་བྱས་པ་བརྒྱུད་བཀོད་སྒྲིག་ཁྱབ་ཁོངས་སུ་ཁྱིམ་ཚང་ཁྱོན66ཡོད་པའི་ནང་རྔ་བ་ཁུལ་ལ15དང་། དཀར་མཛེས་ཁུལ་ལ49། ལིའང་ཧྲན་ཁུལ་ལ2བཅས་ཡོད་པ་དང་།ལས་གཞི་དེ་ནི2026ལོར་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་པར་ཕན་པ་ཐོབ་པའི་དོན་དངོས་བཅུའི་གྲས་ཤིག་ཡིན་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
