སྤྱི་ཟླ7པའི་ཚེས3ནས་ཚེས5ཉིན་བར2026ལོའི་རྒྱལ་ཡོངས་རྐང་ཐང་འདུ་ཚོགས་ཆེན་མོ(སི་ཁྲོན་དཀར་མཛེས་ས་ཚུགས)དང་གངས་དཀར་རྐང་ཐང་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་གཉིས་སུ་སྤེལ་བ་རེད། གངས་ལྗོངས་ལ་བརྩེ་བ་འཆང་།མཐོ་སྒང་ལ་ལོངས་སུ་སྤྱོད་ཅེས་པའི་གཙོ་དོན་གྱི་རྒྱལ་ཁབ་རིམ་པའི་ཕྱི་རོལ་འདུ་ཚོགས་གཟབ་རྒྱས་དེར་པེ་ཅིང་དང་། ཀྲེ་ཅང་། ཧུའུ་ནན། ཧེ་ལུང་ཅང་སོགས་རྒྱལ་ཡོངས་ས་གནས་མང་པོའི་རྐང་ཐང་དགའ་ཞེན་པ600ལྷག་འཛོམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ།དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་སི་ཁྲོན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་ཞིང་།དེ་ནི་རྒྱལ་ཡོངས་ཀྱི་རྐང་ཐང་དགའ་ཞེན་པ་ཚོའི་མཐོ་སྒང་འདུ་འཛོམས་ཤིག་ཡིན་པར་མ་ཟད། དཀར་མཛེས་ཁུལ་གྱིས“ལུས་རྩལ་དང་ཡུལ་སྐོར། རིག་གནས”དང“ལུས་རྩལ་དང་ལྟ་སྐོར། སྒར་འདེབས”ལས་རིགས་རྣམ་པ་སྣ་མང་མཉམ་འདྲེས་གཏིང་ཟབ་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
