国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ ཉེ་ཆར།རང་ཁུལ་གྱིས་ཉེན་ཁ་འགོག་ཟོན་དང་ཆེད་དོན་ལྟ་སྐུལ་སློབ་སྟོན།གཞི་རིམ་མང་ཚོགས་འགོག་སྲུང་བཅས་སྲུང་ཚད་ཆེན་པོ་གསུམ་ལ་དམིགས་ཏེ། ཉེན་མེད་ཐོན་སྐྱེད་ཀྱི་འགོག་རགས་བརྟན་པོ་བསྐྲུན་པ་དང་།ཉེན་མེད་དོ་དམ་ཚོད་འཛིན་གྱི་དམིགས་ཚད་ཁག་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བ་དང་།ཉེན་མེད་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་བརྟན་བརླིང་བྱུང་བ་རེད།།

■ ཉེ་ཆར།རང་ཁུལ་གྱིས་གཞི་རིམ་གྱི་དངུལ་རྩ་ཞབས་ཞུ་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་དྲྭ་མིག་ཅན་གྱི་དོ་དམ་དམ་འཛིན་བྱ་གཞིར་བྱས་ཏེ་རྩ་འཛུགས་འཛུགས་སྐྱོང་དང་།ཞབས་ཞུ་གཤམ་སྤེལ།རོགས་འདེགས་གནད་སྨིན་བཅས་ཕྱོགས་གསུམ་ཐད་ནས་ཞིང་སྡེ་དང་དངོས་གཞིའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་དངུལ་རྩ་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་བ་དང་།ཁྱོན་ཡོངས་ནས་དངུལ་རྩའི་ཞབས་ཞུ་ཁྱབ་རྒྱ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་བཅས་ཆེ་རུ་བཏང་ཡོད།།

■ ཉེ་ཆར། རང་ཁུལ་གྱིས་ཕྱོགས་མང་གནད་འཁེལ་ཇུས་བསྟར་གྱིས་སྲིད་ཇུས་ཀྱི་རོགས་འདེགས་དང་ནགས་ཁྲོད་འབབ་འཕར།ལས་རྣམ་མཉམ་འདྲེས་བཅས་ཕྱོགས་ཆེན་པོ་གསུམ་ནས་མཉམ་དུ་ཤུགས་འདོན་པ་དང་།ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་ནགས་རྩྭ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་ཐོན་པ་དང་། ནགས་རྩྭ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)