སྤྱི་ཟླ7པའི་ཚེས9ཉིན། གསར་འགོད་པས་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས་ཚེས7ཉིན《2026ལོ་འཁོར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་གཞི་གྲངས་དང་ཟླ་རེའི་འཇལ་བཅོལ་དངུལ་གྲངས་ལག་བསྟར་ཚད་གཞིའི་སྐོར་གྱི་བརྡ་ཐོ》དངོས་སུ་ཁྱབ་བསྒྲགས་བྱས་ནས2026ལོ་འཁོར་གྱི(2026ལོའི་ཟླ་བ7པའི་ཚེས1ཉིན་ནས2027ལོའི་ཟླ་བ6པའི་ཚེས30ཉིན་བར)ཁུལ་ཡོངས་ཀྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་བཅོལ་གཞི་གྲངས་ཀྱི་གོང་འོག་ཚད་བཀག་དང་ཟླ་རེའི་འཇལ་བཅོལ་དངུལ་གྲངས་ཀྱི་ཚད་གཞི་ཁ་གསལ་བཟོས་ཡོད། སྒྲིག་སྲོལ་གསར་པ་གཞིར་བཟུང་རང་ཁུལ་གྱི་ལས་བཟོའི་ཟླ་རེའི་འཇལ་བཅོལ་ཚད་གཞི་མཐོ་ཤོས་སྒོར3819.24ཡིན་པ་དང་། སེར་ཤུལ་དང་གསེར་ཐར།ལི་ཐང་། འདབ་པ་བཅས་རྫོང་བཞིའི་ཟླ་རེའི་འཇལ་བཅོལ་ཚད་གཞི་དམའ་ཤོས་སྒོར116.5ཡིན་པ་རེད།
བརྡ་ཐོའི་ནང་ཁུལ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི2025ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་སྡེ་ཚན་ལས་ཞུགས་མི་སྣའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར10609ཡིན་པ་དང་། 2026ལོ་འཁོར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་གཞི་གྲངས་མང་ཤོས་དེ་ཟླ་རེར་སྒོར31827ལ་ལེགས་སྒྲིག་བྱས། བརྒྱ་ཆ12ཡི་བཅོལ་དངུལ་བསྡུར་ཚད་ལྟར་རྩིས་བརྒྱབ་ན་མི་སྒེར་དང་སྡེ་ཚན་གྱི་ཟླ་རེའི་འཇལ་བཅོལ་དངུལ་འབོར་གྱི་ཚད་གཞི་མཐོ་ཤོས་སྒོར3819.24ཡིན་པ་དང་། དེ་ནི་ཟླ་རེའི་ཡོང་འབབ་སྒོར་ཁྲི3ལས་བརྒལ་བའི་ལས་བཟོ་བ་ཡིན་ན།སྤྱི་གསོག་མ་དངུལ་ཟླ་རེའི་འཇལ་བཅོལ་བསྡོམས་འབོར(མི་སྒེར་དང་སྡེ་ཚན)མཐོ་ཤོས་ལ་སྒོར7638.48ལ་ཟིན་གྱི་ཡོད།།
( བདེ་སྐྱིད་ཀྱིས་བསྒྱུར།)
