ཉེ་ཆར།སི་ཁྲོན་གྱི་ཚ་གཡོལ་སྐྱེ་ཁམས་བདེ་གསོ་བྱ་ཡུལ་འོས་སྦྱོར་བྱེད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད།ཡུལ་དངོས་སུ་ཞིང་ཆེན་ཡོངས་ཀྱི་ཚ་གཡོལ་སྐྱེ་ཁམས་བདེ་གསོ་སྤུས་ལེགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། དར་མདོ་དང་རོང་བྲག། ལྕགས་ཟམ་ཁ་བཅས་ས་ཁོངས་ཡོངས་ཀྱི་ས་གནས་མང་པོར་ཚ་གཡོལ་གྱི་ས་ཆ་སྐྱིད་པོའི་གདེང་འཇོག་ཐོབ་པ་རེད། དཀར་མཛེས་ཁུལ་གྱིས་གནམ་སྔོན་པོ་དང་སྤྲིན་དཀར་པོ།གངས་འཁྱགས་རི་ཀླུང་། རྩྭ་ཐང་མེ་ཏོག་བཅས་དབྱར་དུས་ཀྱི་ཡུལ་སྐོར་དུས་ཚིགས་ཡག་ཤོས་དང་བསྟུན་ནས་ཚ་གཡོལ་གྱི་ཡུལ་སྐོར་མྱོང་རོལ་བྱ་ཡུལ་ལ་མཁོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྐྲུན་ཡོད།། ( བདེ་ཆེན་གྱིས་བྲིས།)