国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀའ་བ་བརྒྱ་ཕྲག་དུ་མར་ཕྲད་གྱུར་ཀྱང་།། རིགས་ཞེན་ལྷག་བསམ་དཀར་པོ་འདོར་མི་སྲིད།

མི་ཚེ་སློབ་གསོ་ལ་ཕུལ་བའི་དགེ་རྒན་ཇེ་དགའི་གནས་ཚུལ་རགས་བཀོད།

དར་མདོ་ནི་འཛམ་གླིང་ཀུན་ལ་སྙན་པའི་གྲགས་པ་འབར་བའི་གནའ་གྲོང་ཞིག་ཡིན་ལ། ཕག་མོ་རི་དང་དར་མདོའི་མཛའ་གཞས་ཞེས་གནམ་འོག་ལ་གྲགས་ཤིང་། དར་མདོ་གྲོང་ཁྱེར་ལ་ཡུན་རིང་གི་ལོ་རྒྱུས་དང་མཚར་སྡུག་གི་རིག་གནས་མངའ་ཞིང་། མཁའ་རླུང་གཙང་ཞིང་དྲོ་གྲང་སྙོམས་པས་འཛམ་གླིང་ས་ཕྱོགས་ཀུན་ནས་ཡུལ་སྐོར་ལ་ཕེབས་པའི་མགྲོན་པོས་ཁེངས། གྲོང་ཁྱེར་གྱི་ཟུར་དུ་ས་དཀར་སྒང་ཞེས་པའི་ཡུལ་སྡེའི་ཁྱིམ་ཚང་ཞིག་གི་ར་བའི་ནང་ལོ་ན81ལ་སོན་པའི་རྒན་པོ་ཞིག་འདུག། གདོང་ལ་གཉེར་མ་དོད་ཅིང་ཤེལ་མིག་དཀར་པོ་ཞིག་མནབས་པ་དང་། ལག་ཏུ《བོད་མི་ཉག་ཡུལ་སྐད་ཚིག་མཛོད》ཅེས་པའི་དེབ་མཐུག་པོ་ཞིག་བཟུང་ནས་འདུག།

ཡུལ་མིར་བཅངས་པའི་བརྩེ་བ་ཟབ།།

རང་གི་ནུས་པས་སྲི་ཞུ་བསྒྲུབས།།

པོར་བསྟེན་པས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོར་གྱུར་པས་མ་ཚད།ལ་ལས་དགེ་རྒན་གྱི་ལས་ཀ་གཉེར་བ་དང་ཁ་ཤས་གཞུང་ཞབས་ལས་ཀ་གཉེར། ཡང་འགའ་ཤས་དམག་ལ་ཞུགས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ལས་ཀ་གཉེར། གང་ལྟར་སློབ་མ་ཚང་མས་མི་རིགས་ལ་ཞབས་ཞུ་དང་མེས་རྒྱལ་འཛུགས་སྐྲུན་ཐད་བྱས་རྗེས་བཞག་དང་འཇོག་བཞིན་པ་རེད།

དེབ་འདིའི་ནང་མི་ཉག་གི་ཁ་སྐད་འཇིག་བརླག་ཏུ་སོང་དང་འགྲོ་བཞིན་པའི་ཐ་སྙད5600ལྷག་ལས་གྲུབ་པའི་མིང་མཛོད་དེ་བགྲང་བྱ་བཅུ་ལྷག་ལ་དཀའ་བ་སྟོང་དང་ངལ་བ་འབུམ་ལས་གྲུབ་པ་ཞིག་རེད། ལྗིད་ཏིག་ཏིག་གི་དེབ་འདིའི་རྒྱབ་ཏུ་ཁོང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་གཞན་ཞིག་ཡོད་པ་དེ་ནི་གངས་དཀར་རི་བོའི་འདབས་རོལ་གྱི་མཚོ་འཕགས་སྨི4100ལྷག་ཡོད་པའི་ཡིད་ལྷུང་གཤིས་ཞེས་པའི་ཡུལ་སྡེའི་སློབ་ཆུང་དུ་དཀའ་བ་གདོང་གིས་བསུས། ངལ་བ་རྒྱབ་ཏུ་བསྐྱུར་ནས་མི་ལོ27རིང་ལ་སློབ་མ་སྐྱོང་བའི་འགན་འཁྲི་དང་དུ་བླངས་པའི་ལོ་རྒྱུས་ཤིག་ཀྱང་འདུག།

2005ལོར་ལས་འཁྱུར་ངལ་གསོ་བྱས་རྗེས་ལྷོད་ལྷོད་ངང་སྐྱིད་པོ་བྱས་ནས་འདུག་ཆོག་ཀྱང་། ཁོང་ལ་འདུག་མི་བཟོད་པའི་དོན་དག་ཅིག་གིས་ཉལ་ན་གཉིད་མི་ཁུག།ཟས་ལ་བྲོ་བ་མེད་པ་གྱུར་ཅིང་། བྱིས་པ་རྣམས་ཀྱིས་སྤྱི་སྐད་ཐ་ར་ར་བཤད་ཤེས་པ་ནི་ཅི་འདྲའི་དགའ་འོས་པའི་དོན་ཞིག་ཡིན་ཡང་། ཕ་སྐད་བཤད་མི་ཤེས་པ་ནི་ཅི་འདྲའི་ངོ་ཚ་དགོས་པ་དང་ཡིད་སྐྱོ་བའི་དོན་དག་ཅིག་ཅི་ལ་མིན་ཨང་། དེ་བས་ཁོང་གིས་ཕ་སྐད་སྲུང་སྐྱོང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་ཅིག་དང་དུས་ཚོད་འགོར་མི་རུང་བའི་དོན་ཞིག་ལ་བསམས་ཏེ་ཉིན་ནས་ཟླ་དང་ཟླ་ནས་ལོར་མཐུད་དེ་མི་ལོ15ཙམ་ལ་དཀའ་བའི་རྔུལ་ཆུ་ལུས་ནས་བཞུར། སྡུག་གི་གནོན་ཤུགས་མགོ་ནས་མནན་ཡང་ཉིན་མཚན་དབྱེར་མེད་ངང་འབད་བརྩོན་དང་སྡུག་རུས་བྱས་མཐར་ཐ་སྙད5600ལྷག་ཡོད་པའི་མི་ཉག་ཁ་སྐད་དེ་བོད་སྐད་དང་རྒྱ་སྐད། དེ་མིན་རྒྱལ་སྤྱིའི་སྒྲ་རྟགས་བཀོད་པས་མ་ཚད་དབྱིན་སྐད་དུའང་བསྒྱུར། དེ་འདྲ་བྱས་ན་ད་གཟོད་མི་ཉག་སྐད་དེ་བརྒྱུད་འཛིན་བྱ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད་པ་ཞིག་བྱུང་།

དོན་དག་དེ་ནི་ཤེས་སླ་ཞིང་ལེན་དཀའ་བ་ཞིག་ཡིན་ཏེ། ཚིག་གཅིག་གི་ཚིག་ཚོགས་ལ་ས་གནས་དང་རྫོང་ཁོངས་མི་འདྲ་བར་སྒྲ་འབྱིན་ཚུལ་ལ་ཡང་ཁྱད་པར་ཆེན་པོ་ཡོད་པས་དེ་དག་དག་ཅིང་གསལ་བ་ཞིག་ཡོང་བའི་ཆེད་དུ་ཁོང་མཁས་དབང་དང་སྐྱེས་ཆེན་དམ་པ། སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ150ལྷག་གི་སར་སོང་སྟེ་འདྲི་རྩད་བྱས་པ་དང་ཐ་སྙད་འདི་དག་སྒྱུར་མཁན་གྱི་ལོ་ཙཱ་གདན་འདྲེན་ཞུ་བར་རང་གིས་གླ་ཆ་སྤྲད་དགོས་པ་སོགས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ངལ་བ་སྟོང་ཕྲག་གདོང་གིས་བསུས་ནས་རྒྱ་ཡིག་གི་ཚིག་མཛོད་ལ་དཔེ་བལྟས། བོད་མིའི་འཚོ་བའི་གོམས་གཤིས་དང་འབྲེལ་ནས་རིགས་བགོས་པ་དང་། ཐ་སྙད་དེ་དག་མིང་ཚིག་དང་བྱ་ཚིག། རྒྱན་ཚིག་ཏུ་བགོས་ལ། གྱོན་གོས་དང་བཟའ་བཅའ། མེ་ཏོག། བྱ་རིགས། ཞིང་འབྲོག། ཆོས་ལུགས་སོགས་ཆུང་བ་རིགས60ལྷག་ལ་བགོས། ཅོག་ཙེའི་ཐོག་རི་ལྟར་སྤུངས་པའི་ཟིན་བྲིས་དེ་དག་ལ་བལྟས་ན་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྒན་པོ་ཞིག་གིས་གདངས་རེ་རེ་དང་ཡིག་འབྲུ་རེ་རེ་བཞིན་བསྒྲིགས་ནས་བཟོས་པ་ནི་ཅི་འདྲའི་དཀའ་ལས་ཆེ་ལ་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད་ཨང་།

2023ལོར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་གཞུང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་གཙོ་གནད་རྣམ་གྲངས་འཆར་འགོད་ནང་བཅུག་པ་རེད། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པས《བོད་མི་ཉག་ཡུལ་སྐད་ཚིག་མཛོད》བདེ་བླག་ངང་དཔར་སྐྲུན་བྱས་ཐུབ་པ་བྱུང་།

1959ལོར་ཁོང་སྐྱ་གད་སློབ་ཆུང་ནས་མཐར་ཕྱིན་དུས་ཁྱིམ་ནང་ཆ་རྐྱེན་མི་བཟང་བས་སློབ་འབྲིང་དུ་འགྲོ་མ་ཐུབ་ཅིང་། ཡིན་ནའང་ཁོང་ནི་ཆུང་དུས་ནས་སློབ་སྦྱོང་ལ་དགའ་ཞིང་འབད་བརྩོན་ཆེན་པོ་ཞིག་ཡིན་པས་ཉིན་གུང་གང་སར་སོང་ནས་བྱ་བ་གཉེར་ཞིང་། དགོང་མོར་དཔེ་ཆར་བལྟ་རྒྱུ་ནི་ཁོའི་གོམས་གཤིས་སུ་གྱུར།

1978ལོར་གསར་དུ་བཙུགས་པའི་ཡིད་ལྷུང་གཤིས་སྡེ་བའི་སློབ་ཆུང་ནི་ས་བབ་མཐོ་ཞིང་འགྲོ་འོང་དཀའ་བའི་ལུང་ཁུག་ཅིག་ཏུ་ཆགས་ཡོད་ཅིང་། དགེ་རྒན་གསུམ་ཙམ་གྱིས་སློབ་ཁྲིད་བྱས་མྱོང་ཡང་དགེ་རྒན་ཐོག་མ་དེ་ཟླ་བ9ལས་ཞུགས་མ་ཐུབ། དགེ་རྒན་གཉིས་པ་དེ་ལོ་གཅིག་ཙམ་བསྡད་ཀྱང་ས་བབ་མཐོ་བས་ནད་ཕོག་ནས་འདུག་མ་ཐུབ། དགེ་རྒན་གསུམ་པ་དེ་གཉེན་སྒྲིག་བྱས་རྗེས་སླར་ཡང་སློབ་གྲྭར་མ་ལོག། 1982ལོར་སློབ་གྲྭའི་སྒོ་རྒྱག་ཉེ་ཐུག་པས་ཡུལ་ཤོག་ལས་བྱེད་པ་རྣམས་ཀྱིས་ཁོང་བཙལ་ནས་དགེ་རྒན་བྱ་དགོས་པའི་རེ་འདུན་ཡང་ཡང་བཏོན་པར་ཁོང་གིས་ང་སློབ་གྲྭར་ཡུན་རིང་སོང་མ་མྱོང་པས་སློབ་མ་རྣམས་ལ་དུས་ཚོད་འགོར་འགྱངས་དོག་པས་འགྲིག་རྒྱུ་མ་རེད་ཅེས་ཡང་ནས་ཡང་དུ་ཞུས་ཀྱང་ཨུ་ཚུགས་སྒོས་འདུག་དགོས་པའི་བཀའ་ཕབ་པར་དང་ལེན་བྱས་པ་རེད།

ཁོང་དགེ་རྒན་བྱ་རྒྱུ་ཡིན་པ་ཤེས་རྗེས་སྔར་གྱི་སློབ་མས་མ་ཚད་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་བུ་རྒྱུད་སློབ་གྲྭར་བཏང་བ་དང་སློབ་མ་རྣམས་འཛིན་གྲྭ་གཉིས་ལ་བགོས་ཏེ་སློབ་ཁྲིད་བྱས། ཡིན་ནའང་སློབ་གྲྭའི་ཆ་རྐྱེན་ཞན་སྟབས་དབྱར་ཆར་ཆུ་འབེལ་དུས་ཟགས་པ་དང་དགུན་ཁ་བ་བུ་ཡུག་འཚུབ་དུས་གྲང་རླུང་ལྡང་བའི་དཀའ་ངལ་མང་པོ་ཡོད་པས་ཁོང་གིས་གཟའ་མཇུག་ཏུ་བྱིས་པ་རྣམས་ཁྲིད་ནས་ལྕི་བ་འཐུ་རུ་འགྲོ་བ་དང་། གུང་སེང་སྐབས་སྤྱི་ལེ30ལྷག་གི་ཡུལ་ནས་ཤིང་བཅད་དེ་སློབ་གྲྭར་འདྲེན་ཏེ་ཅོག་ཙེ་དང་རྐུབ་སྟེགས་བཟོ་བ་དང་རང་ལ་ཟླ་བ་རེར་གླ་ཕོགས་སྒོར26ལས་མེད་རུང་ཤིང་བཟོ་གླས་ནས་ཁང་སྟེང་མི་ཟགས་པ་བྱས།

རྗེས་མར། སློབ་མ་རྣམས་ཀྱང་དགེ་རྒན་བཟང་

སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོས།།

རྩ་བ་མི་བརྗེད་སེམས་སུ་བཅངས།།

2001ལོར་ཡིད་ལྷུང་གཤིས་སྡེ་བར་རྒྱ་ལམ་ལས་ཚར་ཏེ་རླངས་འཁོར་ཆུང་རིགས་ཤར་བགྲོད་ཐུབ་པ་བྱུང་བས་བྱམས་དང་སྙིང་རྗེས་ཕྱུག་པའི་མི་མང་པོ་ཞིག་གིས་དཔེ་ཆ་དང་སློབ་སྦྱོང་གི་ཡོ་བྱད་དུ་མ་སློབ་གྲྭའི་ནང་བསྐུར་བྱུང་།

ཉིན་ཞིག་དངོས་པོ་སྐྱེལ་མཁན་གྱི་ལི་ཆའང་གིས་ཁྱེད་སར་ད་དུང་དངོས་པོ་ཅི་ཞིག་འགངས་འདུག་ཅེས་དྲིས་པར་ཁོང་གིས་སློབ་གྲྭའི་རྒྱལ་དར་རྙིང་པར་ཆགས་སོང་བས་དེ་བརྗེ་རྒྱུ་བྱུང་ན་ཅི་འདྲ་དགའ་ས་རེད་ཅེས་ལན་བཏབ་པར་ལི་ཆའང་ཧ་སངས་པར་གྱུར།

ཁོང་གིས་བསམས་ན། རྒྱལ་གཅེས་ནི་འབྲི་དེབ་ཏུ་འབྲི་རྒྱུ་ཞིག་དང་ཁ་འབོད་ཅིག་མ་ཡིན་ཏེ། དེ་ནི་ནམ་རྒྱུན་སློབ་མ་རྣམས་ཀྱི་མིག་སྔར་ལྷབ་ལྷུབ་ཏུ་གཡོས་ཏེ་གང་དུ་སོང་རུང་ཅི་ཞིག་བསྒྲུབས་ཀྱང་རང་ཉིད་ཀྱི་རྩ་བ་བརྗེད་མི་རུང་བ་གོ་རྟོགས་བྱ་རྒྱུ་དེ་རེད་ཅེས་ཟེར། འདི་འདྲ་རྒྱལ་ཁབ་ལ་ཞེན་པའི་བསམ་བློ་དེས་ཁོང་ཚེ་མཇུག་ཏུ་བསྡུས་སྒྲིག་བྱས་པའི་མི་ཉག་བོད་སྐད་ཚིག་མཛོད་ཀྱི་བསམ་པའི་འབྱུང་ཁུངས་སུ་གྱུར།

ཁོང་གིས་རྩོམ་སྒྲིག་བྱས་པ་དེ་ནི་མེས་པོ་གོང་མ་རྣམས་ཀྱི་སྐད་རྒྱུན་མི་ཆད་པའི་ཆེད་དུ་ཡིན་ལ། རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱེད་པའི་ཆེད་དུའང་ཡིན། མ་ཡིག་དང་ཟིན་བྲིས་ཀྱིས་ཁེངས་པའི་ཁང་པ་དེའི་ནང་ཁོང་གིས་རྒྱལ་ཁབ་ཀྱི་ཚད་གཞི་དང་བསྡུར་ནས་མིང་ཚང་མའི་སྒྲ་གདངས་ཚད་ལྡན་ཅན་ཐག་གཅོད་ཐེངས་མང་བྱས་ཤིང་། གནའ་བོའི་སྐད་ཡིག་ཡིན་པའི་མི་ཉག་སྐད་ཀྱིས་དེང་རབས་ཀྱི་གཏམ་རྒྱུད་བརྗོད་ཐུབ་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་ཟིན་ཐུབ་པ་དེ་ནི་བརྒྱུད་འཛིན་དང་སྲུང་སྐྱོང་ངོ་མ་ཞིག་རེད་ཅེས་བཤད།

ཁོང་གིས་ཕལ་ཆེར་རང་གི་མི་ཚེའི་སྟོང་ཆ་གསབ་པའི་ལས་ཀ་བྱེད་བཞིན་ཡོད་པ་འདྲ་སྟེ། དང་ཐོག་ཁོང་གིས་ཕྲུ་གུ་ཚོར་ཤེས་བྱ་སློབ་པའི་སློབ་ཁང་བཟོས་པ་དང་། ཕྱིས་སུ་ཁོང་གིས་མི་རིགས་རིག་གནས་ཀྱི་མེ་སོན་སྲུང་བ་རེད། ཁོང་ལ་མཚོན་ན་མཚན་ཉིད་དང་ནང་ཆོས་ཀྱི་གནས་ལུགས་ཆེན་པོ་ཞིག་ཤེས་བཞིན་མེད་ན་ཐང་ཡང་། ཏན་ཏན་ཏིག་ཏིག་དང་གཟབ་གཟབ་ནན་ནན་གྱིས་སློབ་ཁྲིད་བྱས་ཏེ་རྩ་བ་འཛིན་པ་དེ་དང་ཁོང་རང་གི་ཡོད་ཚད་ནས་ཡོད་ཚད་སློབ་མ་དང་ཕ་ཡུལ་གྱི་སྐད་ཡིག་ལ་ཕུལ་བའི་བརྩེ་སེམས་ཟབ་མོ་དེ་རེད།། ( མིག་དམར་དོན་གྲུབ་ཀྱིས་བྲིས།)