ཕྱག་ཕྲེང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། ཤར་དུ་འདབ་པ་རྫོང་དང་བྱང་དུ་ལི་ཐང་རྫོང་། ནུབ་ཏུ་འབའ་ཐང་དང་སྡེ་རོང་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་དང་འབྲེལ་ཡོད།
ཕྱག་ཕྲེང་གི་བོད་ཁང་དཀར་པོ་ནི་སྔོན་བྱོན་མེས་པོ་ཚོའི་བློ་གྲོས་དང་ཤེས་རབ་ཀྱི་རྩལ་ལས་བྱུང་བའི་ཐུན་མིན་གྱི་འཛུགས་སྐྲུན་ཞིག་ཡིན་ལ། བཟོ་ལྟ་དང་བརྗིད་ཉམས། མཛེས་རྒྱན་ལག་རྩལ་སོགས་ལ་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན། ཁང་པའི་ཕྱི་ཁོག་གྱང་བརྡུངས་ནས་གྲུབ་པ་དང་ནང་ལ་ཤིང་གི་ཀ་བ་མང་པོ་བཙུགས་ཡོད། ཁང་པའི་ཆེ་ཆུང་ནི་ཀ་བ་མང་ཉུང་ལ་བརྟེན་ནས་གྲུབ་པས་ཉུང་བ་ལ་ཀ་བ35དང་མང་བ་ལ་ཀ་བ118ཡོད། ཁང་པ་ཕལ་ཆེར་ཐོག་རྩེག་གསུམ་ནས་བཞི་ཡོད་ཅིང་། ཞབས་ཐོག་སྒོ་ཕྱུགས་ཀྱི་ལྷས་དང་། རྩེག་གཉིས་པར་མི་སྡོད་ས་དང་།རྩེག་གསུམ་པར་མཆོད་ཁང་ཡིན། འདི་ནི་བོད་སྲོལ་རྒྱུན་འཛུགས་སྐྲུན་གྱི་གཞི་རྩའི་ཁྱད་ཆོས་སོར་བཞག་ཐོག་བསྐྲུན་པའི་ཡུལ་དེ་གའི་ཐུན་མིན་གྱི་ཁྱད་ཆོས་ཡོངས་སུ་འཛོམས་པ་ཞིག་ཡིན་ལ།ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་པ་རེད།།
( ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས། )
