国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གུང་དཀར་མཛེས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གསུང་བཤད་གནང་།

11924_01B_20260718སྤྱི་ཟླ7པའི་ཚེས17ཉིན།ཀྲུང་གུང་དཀར་མཛེས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དར་མདོར་འཚོགས།

ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་སུ་བསྐུལ་ཏེ་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲའོ་པོ་ཡིས《གཏན་འབེབས(གྲོས་བསྡུར་

མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།

(2026ལོའི་ཟླ་བ7པའི་ཚེས17ཉིན། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ2026ལོའི་ཟླ་བ7པའི་ཚེས17ཉིན་དར་མདོར་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ཁུལ་ཨུ་ཨུ་ཡོན43དང་། ཁུལ་ཨུ་རྗེས་སྣོན་ཨུ་ཡོན11ཡོད། ཁུལ་སྒྲིག་ཨུ་རྒྱུན་ཨུ་དང་། ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་དང་། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ལྷན་གྱི་ཨུ་ཡོན་ཁྲོད་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

( པར་ངོས་གཉིས་པར་གཟིགས།)