2021ལོའི་ཟླ་བ7པའི་ཚེས1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་གཟབ་ནན་ངང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་རྒྱུན་ཆད་མེད་པའི་འོག། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཤིང་། ཀྲུང་ཧྭའི་ས་གཞི་ཆེན་མོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་དང་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་བཅད་ཡོད་ཅེས་བསྒྲགས།
མི་འབོར་དུང་ཕྱུར8གྲོད་ཁོག་མི་འགྲངས་པ་ནས་མི་དུང་ཕྱུར14ལྷག་གིས་ཟས་ཡག་པོ་བཟའ་རྒྱུ་རག་པ་དང་། གཞིས་མིའི་སྔོན་དཔག་ཆ་སྙོམས་ཚེ་ལོ79ལས་བརྒལ་ཅིང་། འཛམ་བུ་གླིང་དུ་སློབ་གསོའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག། སྨན་བཅོས་འཕྲོད་བསྟེན་མ་ལག་གཞི་ཁྱོན་ཆེས་ཆེ་བ་བཙུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱི་ཁོག་འབྱོར་འབྲིང་ཡོང་བ་དང་། དེ་ནས་ཁྱོན་ཡོངས་འབྱོར་འབྲིང་དུ་སོང་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ཞིང་། བྱིས་པ་སྐྱོང་ས་ཡོད་པ། སྦྱང་ན་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་ལ་སྨན་བཅོས་ཡོད་པ། རྒས་ན་གསོ་ས་ཡོད་པ། བསྡད་ན་ཁང་པ་ཡོད། ཉམ་ཞན་སྐྱོར་མཁན་ཡོད་པ་བཅས་ཀྱི་ཕུགས་བསམ་རིམ་པར་མངོན་དུ་གྱུར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་གྱི་གནད་འགག་ནི་མི་དམངས་ཀྱིས་དངོས་གནས་དྲང་གནས་རང་ཁྱིམ་རང་བདག་བྱེད་ཐུབ་མིན་ལ་ཐུག་ཡོད་ཅེས་བསྟན་གནང་ཡོད།( པར་ངོས་བཞི་པར་གཟིགས།)
