སྤྱི་ཟླ7པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས89པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོགས་འདུར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཉེན་མེད་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་ཞིབ་བྱ་དགོས། མཐར་ཐུག་གི་འགན་འཁྲི་དམ་ནན་བཟོ་དགོས། ཁོངས་གཏོགས་ས་ཆའི་དོ་དམ་དང་ལས་རིགས་ལྟ་སྐུལ་དོ་དམ། ཁེ་ལས་བྱེད་པོ་བཅས"ཕྱོགས་གསུམ་གྱི་འགན་འཁྲི"རིམ་པར་ནན་དུ་བཏང་ནས་འགན་འཁྲི་སྟོང་འཁོར་དང་ལྟ་སྐུལ་ལུས་པ། དག་ཐེར་ཡོ་བསྲང་རྫུན་མ་སོགས་ཀྱི་གནད་དོན་སྔོན་འགོག་བྱ་དགོས། མངོན་མེད་རྐྱེན་ངན་ཚགས་བཤེར་མཐར་ཕྱིན་བྱ་དགོས་། རྡོ་སོལ་མིན་པའི་གཏེར་རི་དང་ཚད་ཡོད་བར་ཁོངས། མེ་གསོད་འབར་རླངས། གློག་སྒུལ་ལྕགས་རྟ་སོགས་གཙོ་གནད་ཁྱབ་ཁོངས་སུ་མངོན་མེད་རྐྱེན་ངན་ཚགས་བཤེར་དང་དག་ཐེར་ཡོ་བསྲང་ཡག་པོ་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་པ་དང་འགོ་འབུས་མ་ཐག་ནས་བསལ་དགོས། ཁྲིམས་འཛིན་ལྟ་སྐུལ་ལ་སླར་ཡང་ཤུགས་རྒྱག་དགོས། ཁུལ་དང་རྫོང(གྲོང་ཁྱེར)ཉེན་མེད་ཨུ་ལྷན་གཞུང་ལས་ཁང་གིས་རྒྱུན་རྣམ་དང་ཕུགས་ཕན་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དང་དོན་ལ་འཁྱོལ་བར་བྱས་ཏེ། ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག་གི་དམ་བསྒྲགས་རྣམ་པ་བསྲུངས་ནས་ཉེན་བརྡ་གཏོང་བ་དང་ཟིལ་གནོན་གྱི་ནུས་པ་ཐོན་པར་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུར་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྲིད་འགན་ལག་རྗེས་འདུ་ཤེས་ནོར་འཛོལ་གྱི་མངོན་གསལ་དོད་པའི་གནད་དོན་འགོག་བཅོས་མཐའ་གཅིག་ཏུ་བྱ་དགོས་པ་དང་། དཔེ་མཚོན་བརྟེན་ནས་ཉེན་བརྡ་གཏོང་བ་དང་མཐིལ་ཚད་བསྲུང་དགོས། རྒྱུན་རྣམ་ཅན་གྱི་ཉེན་ཟོན་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ཏེ་ལས་ཀའི་ཞན་ཆ་རེ་རེ་བཞིན་གསབ་པ་དང་། ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་འགོག་པ་དང་དོ་དམ་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐབས་ཇུས་ཀྱི་དམར་ཐིག་ཚད་ལྡན་དུ་གཏང་དགོས། “གནད་དོན་གལ་ཆེན་གསུམ་དང་དངུལ་གྲངས་འབོར་ཆེན་གཅིག”གིས་ཇུས་ཐག་གཅོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། དོན་གྲོས་ཇུས་ཐག་གཅོད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། འགོག་སྲུང་ར་བ་བཙུགས་ནས་ལྟ་སྐུལ་ནན་པོ་བྱ་དགོས། མི་དམངས་འཐུས་ཚོགས་དང་སྲིད་གྲོས། འགན་ནུས་སྡེ་ཁག། མང་ཚོགས་བཅས་ཀྱིས་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ་ལྟ་སྐུལ་ལ་བརྟེན་ནས་སྲིད་འགན་ལག་རྗེས་རྫུན་མར་དོགས་ཟོན་བྱ་དགོས་ཞེས་ནན་པོར་བསྟན་པ་རེད།
ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས《སི་ཁྲོན་ཞིང་ཆེན་གྱི་གནམ་གཤིས་གནོད་འཚེ་སྔོན་འགོག་སྲོལ་ཡིག》སློབ་སྦྱོང་བྱས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
