( པར་ངོས་དང་པོར་མཐུད།)
ཉེ་རབས་ནས་བཟུང་། ཀྲུང་གོ་མི་དམངས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་གཉའ་གནོན་འོག་བྲན་གཡོག་དང་དུད་འགྲོའི་གྲས་སུ་གཏོགས་པ་ལས་རང་ཁྱིམ་རང་བདག་ལ་རེ་ལྟོས་བཅའ་ཡས་རྩ་བ་ནས་མེད། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་བརྗིད་ཉམས་ལྡན་པའི་འཐབ་འཛིང་རླབས་པོ་ཆེ་བྱས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་བཙུགས་ཤིང་། ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀའ་བཀོད་རྒྱུད་འཛིན་ཕྱེད་ཙམ་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ་དང་། ཀྲུང་གོ་མི་དམངས་བརྙས་བཅོས་དང་གནའ་གནོན། བྲག་གཡོག་བྱ་ཡུལ་གྱི་ལས་དབང་ལས་རྦད་དེ་ཐར་ནས། རྒྱལ་ཁབ་དང་སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་ཡོད།
ཀྲུང་གོ་གསར་པ་བཙུགས་རྗེས། མི་དམངས་དམངས་གཙོ་འཕེལ་རྒྱས་རྒྱུན་ཆད་མེད་པར་ཕྱིན་ཡོད། ད་ལྟའི་ཀྲུང་གོར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་དང་དཔལ་འབྱོར་རིག་གནས་བྱ་གཞག། སྤྱི་ཚོགས་ལས་དོན་བཅས་དོ་དམ་བྱ་ཆོག་པ་ལས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྣང་རིས་བརྗིད་ཆགས་པོ་བསྟར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ། ལོ་རབས་བདུན་ཅུ་དང་བརྒྱད་ཅུ། དགུ་བཅུ། ཉིས་སྟོང་པར་སྐྱེས་པ་ཚོ་ཕྱིར་འཛམ་གླིང་དུ་བལྟ་རུ་འགྲོ་བའི་སྔོན་དུ། ཀྲུང་གོ་ཡིས་འཛམ་གླིང་འདི་ལ་མིག་གིས་དྲང་ཐད་ནས་ལྟ་ཆོག་པ་རེད་ཅེས་གསུངས་པ་ནི། དུས་རབས་གསར་པའི་ཀྲུང་གོ་བའི་བསམ་པའི་ཁྱད་གཤིས་ཀྱི་མཚོན་སྟངས་གསོན་ཉམས་དོད་པོ་ཞིག་རེད།
ལོ་བརྒྱ་ལྷག་གིས་འབད་འཐབ་ལྷོད་མེད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོ་རྙིང་པའི་དངོས་རྫོབ་དང་ལམ་ལུགས། དེ་བཞིན་བསམ་བློ་རིག་གནས་བཅས་གཞན་ལ་འགྲན་བཟོད་མེད་པའི་རང་དམན་གྱི་གནས་ནས་དུས་རབས་གསར་པའི་འགྲོ་ལམ་དང་རིགས་གཞུང་། ལམ་ལུགས། རིག་གནས་བཅས་ཀྱི་གདེང་ཚོད་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དངོས་སུ་བྱུང་། ཀྲུང་གོ་མི་དམངས་ལ་ལོ་རྒྱུས་ཀྱི་མ་སྐུལ་དང་ལེན་སྙིང་སྟོབས་དང་གསར་གཏོད་སྙིང་སྟོབས་སྔར་ན་མེད་པ་རྒྱས་ཡོད།
དུས་རབས་འདིའི་དཀྱིལ་དུ་བསླེབ་ཚེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་དུས་ཚོད་ཀྱིས་མི་མི་སྒུག་ཅིང་། ལོ་རྒྱུས་ཀྱིས་མི་སྒུག་པ་རེད། འབད་འཐབ་ཀྱི་དམིགས་འབེན་དང་ཐག་ཇི་ཙམ་ཉེ་ཞིང་ཉེན་ཁ་དང་འགྲན་སློང་ཇི་ཙམ་ཆེ་ན། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དེ་ཙམ་གྱིས་དར་སྤེལ་བཏང་སྟེ། ལོག་སྨྲ་ལ་ཡིད་མི་ཆེས་ཤིང་། དགྲ་བགེགས་ལ་མི་སྐྲག་པ་དང་། རྡུང་གནོན་ལ་མི་འཇིགས་པ་བྱ་དགོས། གདིང་ཤུགས་ནི་ཏང་གི་འགོ་ཁྲིད་སྲ་ཞིང་བརྟན་པ་ལ་ཐུག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེས་ཆེ་བ་ལ་ཐུག་ཅིང་། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ཕྱོགས་འཛིན་ལ་ཐུག་ཡོད། འདི་ནི་མདུན་སྐྱོད་འགྲོ་ལམ་གྱི་སྲོག་ཤིང་དང་རྨང་རྡོ། རྒྱ་མིག་ལྟ་བུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ལ་བརྟེན་ནས་ཀྲུང་གོ་སྐྱོང་བའི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ལས་དབང་རང་གི་ལག་པར་དམ་པོར་འཆང་ཞིང་། ཀྲུང་གོ་ལུགས་དེང་རབས་ཅན་གྱི་འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བར་གོམ་ཆེན་སྤོས་ཏེ་ཀྲུང་གོའི་ངོ་མཚར་ལེའུ་གསར་པ་མུ་མཐུད་བྲི་དགོས་སོ།།
( ཞིན་ཧྭ་གསར་འགྱུར་ཁང་ནས་དྲངས་ཤིང་སྐལ་ཐུབ་ཀྱིས་བསྒྱུར།)
