( པར་ངོས་དང་པོར་མཐུད།)
ཀྲའོ་པོ་ཡིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བསམ་བློའི་ཐད་ལྷོད་གཡེང་མི་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་སེམས་པ་བརྟན་སྲུང་བཅས་བྱས་ནས“རིམ་པ་བཞིའི་ཧྲུའུ་ཅི”མཉམ་འཛིན་བྱེད་པའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། “བཟོ་ཚོགས་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་གསལ་འདེབས་ཡི་གེ་དང་བསམ་འཆར་ཡི་གེ། གྲོས་འགོ་ཡི་གེ”དང་ཡུལ་སྡེ་དར་རྒྱས་སྐོར་གྱི“འབྲེལ་མཐུད་ལྔ”སོགས་ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་དུ་འཁྱོལ་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་མང་ཙམ་སེལ་བ་དང་འཕེལ་རྒྱས་ཀྱི་ཞན་ཆ་དང་མི་འདང་ས་མང་ཙམ་ཁ་གསབ་བྱས་ནས་ཁུལ་ཡོངས་ཀྱི་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་ཤུགས་མཉམ་འདོན་གྱིས་བསྐུལ་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ་རེད། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།།( ལྷ་འཛོམས་ཀྱིས་བསྒྱུར།)
