ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ གནད་དོན་གཅིག་སྡུད་བཅོས་སྐྱོང་ལས་དོན་ལ་སྐུལ་བའི་ཚོགས་འདུར།
སྤྱི་ཟླ7པའི་ཚེས20ཉིན། ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་བསྐུལ་བའི་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་བཞུགས་ནས་གསུང་བཤད་གནང་། ཁོང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རང་ངོས་བསྒྱུར་བཅོས་ཀྱི་ཆོད་སེམས་ཆེན་པོ་དང་ཉེས་བརྒྱ་རྩད་གཅོད་ཀྱི་བློ་སྦོབས། ཕོག་ཐུག་གཏོང་ཕོད་པ་བཅས་བྱས་ནས་ནད་གཞི་ངོ་མ་བཅོས་པ། དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བཅས་ཀྱི་ཐོག་ནས་ཞིབ་བཤེར་མཐར་ཕྱིན་པ་དང་བཅོས་སྒྲིག་ལས་དོན་ལ་བསྐུལ་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང། འཕེལ་རྒྱས་ཡག་པོ་བཅས་ཏན་ཏིག་གཏང་དགོས་ཞེས་ནན་གྱིས་གསུངས། ( པར་ངོས་གཉིས་པར་གཟིགས།)