ཀྲའོ་པོ་ཡིས་དཀར་མཛེས་ཁུལ་གྱི་ཆུ་ལོག་དང་ས་གཤིས་གནོད་འགོག་གི་ གྲུབ་འབྲས་ཐོབ་པའི་ཉེན་གཡོལ་བྱ་དགའི་ཚོགས་འདུར།
སྤྱི་ཟླ7པའི་ཚེས20ཉིན། དཀར་མཛེས་ཁུལ་གྱི་ཆུ་ལོག་གནོད་འཚེ་འགོག་སེལ་གྱི་གྲུབ་འབྲས་ཐོབ་པའི་ཉེན་གཡོལ་བྱ་དགའི་ཚོགས་འདུ་དར་མདོར་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཆུ་ལོག་གནོད་འཚེ་འགོག་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་ཏེ། དཔེ་མཚོན་གཏོད་པ་དང་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རྒྱུན་འཁྱོངས་ནས་འགན་འཁྲི་རྒྱུན་མཐུད་ངང་ནན་དུ་གཏོང་བ་དང་། ཞན་ཆར་ཁ་གསབ་ནས་ཆུ་ལོག་འགོག་སེལ་ལས་དོན་ལ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ( པར་ངོས་གཉིས་པར་གཟིགས།)