སྤྱི་ཟླ7པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཧྭ་ནེང་སི་ཁྲོན་ནུས་ཁུངས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལག་བསྟར་ལས་འཛིན་པ་ཞུང་ཝུན་ཝུའུ་བཅས་པ་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་ས་གནས་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྦག་མེད་ནུས་ཁུངས་གསར་སྤེལ་སྐུལ་རྒྱུར་དམིགས་ནས་བཞུགས་མོལ་སྤེལ་རེས་གཏིང་ཟབ་གནང་བ་རེད།
དབྱང་ཧུང་ཧྲོའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཞུང་ཝུན་ཝུའུ་དང་བཅས་པར་དགའ་བསུ་ཞུས་པ་དང་། ཧྭ་ནེང་སི་ཁྲོན་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཧྭ་ནེང་སི་ཁྲོན་སྤྱི་གཉེར་ཁང་སི་ཁྲོན་དུ་གཞི་བཙུགས་ནས་ལོ40ཙམ་སོང་བ་དེ་ནི་དཀར་མཛེས་ཀྱི་སྦག་མེད་ནུས་ཁུངས་གསར་སྤེལ་གྱི་ཀྲུང་དབྱང་ཁེ་ལས་ཀྱི་གྲས་ཤིག་ཡིན་པ་དང་། ཕྱོགས་གཉིས་པོས་ཆུ་གློག་གསར་སྤེལ་དང་ནུས་ཁུངས་འཛུགས་སྐྲུན། ཡུལ་སྡེ་དར་རྒྱས་སོགས་ཁྱབ་ཁོངས་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ( པར་ངོས་གཉིས་པར་གཟིགས།)
