国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་ལྕགས་ཟམ་རྫོང་དུ་ཆུ་ལོག་གནོད་འཚེ་འགོག་སེལ་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་སྐབས།

མི་བརྒྱ་སེམས་གཅིག་དང་དཀའ་ངལ་ཁྱད་དུ་བསད་ནས་ཤུགས་ཡོད་རྒུས་ཆུ་ལོག་གནོད་འཚེ་འགོག་སེལ་དང་ཐོན་སྐྱེད་འཚོ་བ་བསྐྱར་གསོའི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་གསུངས།

ཉེ་ཆར་རང་ཁུལ་དུ་ཆར་ཆུ་དྲག་པོ་བབས་ནས་ས་ཆ་མང་པོར་ཆུ་ལོག་གིས་གནོད་འཚེ་ཐེབས་ཡོད། སྤྱི་ཟླ7པའི་ཚེས18ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་གནོད་འཚེ་ཚབས་ཆེན་ཐེབས་ཡུལ་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་དུ་བསྐྱོད་དེ་ཡུལ་དངོས་སུ་ཆུ་ལོག་གནོད་འཚེ་འགོག་སེལ་ལས་ཀར་རྟོག་ཞིབ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་གནོད་འཚེ་འགོག་སེལ་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་ཏང་མི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་མཉམ་དུ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་མི་བརྒྱ་སེམས་གཅིག་དང་དཀའ་ངལ་ཁྱད་དུ་བསད་ནས་ནུས་ཤུགས་ཡོད་རྒུས་ཆུ་ལོག་གནོད་འཚེ་འགོག་སེལ་དང་གནོད་རྗེས་བསྐྱར་གསོ་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་གྱིས་གསུངས།

( པར་ངོས་གཉིས་པར་གཟིགས།)