( པར་ངོས་དང་པོར་མཐུད།)
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ལིན་ཚོགས་འདུར་ཞུགས་པ་རེད།
ཀྲའོ་པོ་ཡིས་གསུང་བཤད་གནང་སྐབས། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་ལ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། བཅོས་སྒྲིག་གི་དམིགས་འབེན་གཏན་འཁེལ་བྱས་ནས་འབེན་ཕྱོགས་འགག་སྒྲོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ལས་ཀའི་ཁྲོད་ཀྱི་དཀའ་ཁག་སེལ་རྒྱུ་ཤུགས་ཆེ་རུ་གཏང་དགོས། “ཞིབ་བཤེར་ཟབ་མོ”བྱེད་པའི་ཐད་འབད་བརྩོན་བྱ་དགོས་པ་དང“དངོས་སུ་བཅོས་སྐྱོང”ཀྱི་ཐད་སླར་ཡང་དངོས་སྒྲུབ་བྱས་རྗེས་འཇོག་དགོས། “བཅོས་སྐྱོང་ནན་པོའི”ཐད་སླར་ཡང་ཐབས་ཤེས་ནན་པོ་འདོན་དགོས། “རྩ་བཅོས”ཀྱི་ཐད་ཡང་བསྐྱར་འགག་སྒྲོལ་ཡོང་ཐབས་བྱ་དགོས།
ཀྲའོ་པོ་ཡིས་གཅིག་སྡུད་བཅོས་སྐྱོང་བྱ་རྒྱུ་དེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཞིབ་བཤེར་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། ཁུལ་ཨུའི“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་བརྩི་མཐོང་། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་དོན་འཁྱོལ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩིས་ནས་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་ཁྱད་དུ་བསད་དེ་མི་དམངས་ཀྱི་ཆེད་དུ་དཀའ་བ་སྤྱད་པའི་དམ་བཅའ་བརྟན་པོ་ངང་ལག་ལེན་བསྟར་དགོས།
ཚོགས་འདུར་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧྥེང་ཝུའེ་ལིའང་གིས་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཕྱག་ཕྲེང་རྫོང་དང་རྟའུ་རྫོང་། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས། ཁུལ་སྡོད་ཁང་གྲོང་ཡུལ་འཛུགས་སྐྲུན་ཅུས། ཁུལ་སློབ་གསོ་དང་ལུས་རྩལ་ཅུས། ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་བཅས་ཀྱི་འགན་ཁུར་བས་ཁག་བགོས་ནས་གཏམ་བཤད་བྱས་པ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས་ཡོད།།
(ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
