国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

ཚོགས་འདུར2026ལོ་ཚུན་དུ་རང་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་གི་གྲུབ་འབྲས་ཐོབ་པའི་ཉེན་གཡོལ་དཔེ་མཚོན14ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་རེད། ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་སོགས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་གྲུབ་འབྲས་ཐོབ་པའི་ཉེན་གཡོལ་དཔེ་མཚོན་འཐུས་མིར་བྱ་དགའ་སྤྲད་པ་རེད།

ཚོགས་འདུར་ད་ལོ་ཆུ་བོ་བྲུག་ཚུན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆུ་ལོག་སྔོན་འགོག་གི་ལས་དོན་ཁག་ཞིབ་ཚགས་བྱས་པས་དྲག་ཆར་འབབ་པའི་བརྒྱུད་རིམ་ལ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བྱུང་མེད་ལ། གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་གནོད་འགོག་གནོད་བསྙུང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ཀྱི་མཛུབ་སྟོན་གལ་ཆེན་ལ་ཐུག་ཡོད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་ཏེ། གྲུབ་འབྲས་ཐོབ་པའི་ཉེན་གཡོལ་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་དང་། དཔྱད་གཞིར་གང་ལེགས་འཛིན་པ་དང་ཕན་འབྲས་ཕྱོགས་བསྡོམས་བྱས་ཏེ་འགོག་ཟོན་ལས་དོན་བསྒྲུབས་ནས་ཆུ་ལོག་གནོད་འཚེ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།

ཚོགས་འདུར་ཆུ་ལོག་སྔོན་འགོག་དང་ས་གནས་ཀྱི་གནོད་འཚེ་སྔོན་འགོག་ལས་དོན་ཁག་དམ་འཛིན་བྱས་ནས། རྫོང་དང་གྲོང་སྡེ་བཅས་མཉམ་འགུལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆར་ཆུ་འབབ་ཚུལ་དང་། ཆུའི་གནས་ཚུལ། ཆུ་བོ་བྲུག་ཚུལ་བཅས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱ་དགོས། སྔོན་དཔག་ཆ་འཕྲིན་དུས་ཐོག་ཏུ་གྲོང་སྡེ་དང་དུད་ཚང་བཅས་སུ་འབྱོར་བར་འགན་ལེན་ཏན་ཏིག་བྱ་དགོས། ཆུ་ལོག་སྔོན་འགོག་དང་ཉེན་ཁ་ཆེན་པོ་སྔོན་འགོག་གནོད་འཚེ་ཆེན་པོ་སྐྱོབ་པ་བཅས་ལ་གཞི་ཚུགས་ཏེ་ས་གནས་ཀྱི་གནོད་འཚེ་སྔོན་འགོག་གི་ལས་དོན་ཁག་ཞིབ་ཚགས་བྱ་དགོས། འཚུབ་བསྟུན་དང་ལེན་དང་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྔོན་ཚུད་ཀྱི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྒྲིག་ཆས་ལ་ཉེན་ཁའི་གནས་ཚུལ་ཐོན་ཚེ་འཚུབ་བསྟུན་དང་ལེན་བྱེད་འགོ་འཛུགས་པ་དང་། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཉེན་སེལ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱ་དགོས། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱས་ཏེ་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེའི་ས་ཁོངས་དང་། དེ་བཞིན་མཐའ་འཁོར་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཏེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་རེ་རེ་བཞིན་གྲལ་བཤེར་བྱེད་པ་དང་། ལས་གྲྭ་བཅོས་སྒྲིག་དང་ཉེན་གཡོལ་གནས་སྤོ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་མགྱོགས་སུ་སྐུལ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་རྒྱུན་རྣམ་དུ་ཕྱིར་ལོག་ཐུབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)