( པར་ངོས་དང་པོར་མཐུད།)མིག་སྔར། དཀར་མཛེས་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་རྩའི་དུས་མཚམས་སུ་ཡིན་པས། སྦག་མེད་ནུས་ཁུངས་དེ་ཐོན་ལས་ཤིག་ཡིན་པའི་ངོས་ནས་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་གཙོ་བོ་ཞིག་ཡིན་པ་རེད། ཧྭ་ནེང་སི་ཁྲོན་སྤྱི་གཉེར་ཁང་གིས་མ་དངུལ་དང་ལག་རྩལ། དོ་དམ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྦག་མེད་ནུས་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་། དམིགས་འཛུགས་རོགས་སྐྱོར། གནོད་འགོག་གནོད་སེལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ། ནུས་ཁུངས་གསར་སྤེལ་དང་སྐྱེ་ཁམས་ཉེན་མེད། དམངས་འཚོའི་ཡོང་འབབ་འཕར་སྣོན་བཅས་མཉམ་ལས་མཉམ་ཁེ་ཡོང་བར་བྱ་རྒྱུའི་རེ་བ་ཡོད། དཀར་མཛེས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་ཕན་འབྲས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱིས་བློ་སེམས་གཅིག་མཐུན་ངང་སྦག་མེད་ནུས་ཁུངས་གསར་སྤེལ་དང་། ཕན་འབྲས་ཆེ་བའི་བེད་སྤྱོད་ཀྱི་དཀའ་གནད་སེལ་བ་དང་ལག་གདང་སྦྲེལ་ནས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་ཚད་ཤིང་གཏོད་རྒྱུ་ཡིན་པ་རེད།
ཞུང་ཝུན་ཝུའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་མང་རིང་ཧྭ་ནེང་སི་ཁྲོན་སྤྱི་གཉེར་ཁང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བ་རེད། ཁོས་སྤྱི་གཉེར་ཁང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་སྐྲུན་བཞིན་པའི་ལས་གཞིའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་རོགས་རམ་བྱ་རྒྱུ་ཡིན། དུས་མཚུངས་སུ་སྤྱི་གཉེར་ཁང་གི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འགན་འཁྲི་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཉེན་མེད་ཐོན་སྐྱེད། གནོད་འགོག་གནོད་བསྙུང་བཅས་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱ་རྒྱུ་དང་། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བསྐུལ་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་སྤུས་ཚད་མཐོན་པོར་ཡོང་བར་བྱས་རྗེས་གསར་པ་གཞག་རྒྱུ་ཡིན་ཞེས་བཤད་པ་རེད།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
