国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་ཀྱི་ཆུ་ཚད་ བརྒྱ་ཆ28.10ལ་ཟིན།

ཉེ་ཆར། གསར་འགོད་པས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ཀྲུང་གོའི་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་ཀྱི་ཆུ་ཚད་བརྒྱ་ཆ28.10ལ་ཟིན་པ་དང་། 2024ལོ་ལས་བརྒྱ་ཆའི་གྲངས1.25འཕར་ཡོད།

ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་ཅེས་པ་ནི་གཞི་རྩའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་རིག་གནས་བྱང་ཚད་ལྡན་པའི་མི་གྲངས་ཀྱིས་སྤྱིའི་མི་འབོར་གྲངས་ཚད་བཟུང་བའི་བསྡུར་ཚད་ལ་ཟེར། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཕྱོགས་བསྡུས་སི་ཡིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དྲིལ་སྒྲོག་སི་དང་མཉམ་དུ་ཀྲུང་གོའི་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་ལ་མུ་མཐུད་དེ་བརྟག་དཔྱད་བྱས་པ་རེད།

2025ལོའི་བརྟག་དཔྱད་མཇུག་འབྲས་ལ་གཞིགས་ན། ཀྲུང་གོའི་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་དེ2016ལོའི་བརྒྱ་ཆ12.85ནས2025ལོའི་བརྒྱ་ཆ28.10བར་ལོ་རེར་མཐོ་རུ་ཕྱིན་ཡོད། 2024ལོ་དང་བསྡུར་ན་གྲོང་སྡེ་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་བྱང་ཚད་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཏེ། བརྒྱ་ཆའི་གྲངས2.26འཕར་བ། གྲོང་ཡུལ་བྱང་ཚད་ཀྱི་ཆུ་ཚད་སྔར་བས་ཉུང་དུ་ཕྱིན་ཡོད།

བརྟག་དཔྱད་མཇུག་འབྲས་ལས་མངོན་པར་བལྟས་ན། 2025ལོའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བདེ་ཐང་རིག་གནས་ཤེས་བྱ་ཁྱབ་གདལ་གཏོང་ཚད་དེ་བས་མཐོ་རུ་ཕྱིན་ཏེ། མང་ཚོགས་ཀྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་རིག་གནས་ཤེས་བྱ་རྒྱུན་ལྡན་འཚོ་བའི་འདོད་བློ་ཆེ་རུ་ཕྱིན་ཡོད།། ( བདེ་ཆེན་གྱིས་བསྒྱུར།)