སྤྱི་ཟླ7པའི་ཚེས22ཉིན་ལ་ཁུལ་ཡོངས་ཀྱི“དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། མ་སྐུལ་དང་བླངས་ཀྱིས་དཔེར་བསྡུར་གཞིར་བསྡུར་བྱས་ནས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེན་པོས་ཆུ་དྲྭ་དང་དཔེ་གསར་ཅན་གྱི་གློག་དྲྭ། རྩིས་ཤུགས་དྲ་བ། དུས་རབས་གསར་པའི་ཆ་འཕྲིན་དྲ་བ། གྲོང་ཁྱེར་ས་འོག་གི་སྦུག་ལམ་དྲ་བ། ཟོག་འདྲེན་དྲ་བ་བཅས“དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་ལ་བསྐུལ་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་དབྱང་ཧུང་ཧྲོའུ་གྲོས་ཚོགས་སུ་ཞུགས་ཡོད།
ཚོགས་འདུར་ཞིང་ཆེན་ཏང་ཨུའི་ཆེད་དོན་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་འཆར་འགོད་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། སླད་ཕྱིན་ལས་དོན་ཡག་མོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་ཡོད།
( པར་ངོས་གཉིས་པར་གཟིགས།)
