国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཨུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་གཙོ་སྐྱོང་གནང་ནས།

ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ། དོན་ལ་འཁྱོལ་བར་ཤུགས་བརྒྱབ་ཅིང་། ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། སྤུས་ཚད་མཐོན་པོའི་ཏང་སྐྱོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྣེ་ཁྲིད་བྱ་དགོས་གསུངས།

སྤྱི་ཟླ7པའི་ཚེས21ཉིན། ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་ངོས་འཛིན་དང་མྱོང་ཚོར་གླེང་། ཁོང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྲིད་འགན་ལག་རྗེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་ཤེས་རྟོགས་ཟབ་མོ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ། དོན་ལ་འཁྱོལ་བར་ཤུགས་བརྒྱབ་ཅིང་། ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། སྤུས་ཚད་མཐོན་པོའི་ཏང་སྐྱོང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཤུགས་ཡོད་རྒུས་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་རང་སྦྱོང་ནན་ཏན་བྱས་ཏེ། མྱོང་ཚོར་འབྲི་བ་དང་ཚོགས་འདུར་ཚང་མས་བསམ་བློའི་ངོས་འཛིན་དང་ལས་ཀའི་དོན་དངོས་དང་སྦྲེལ་ནས་གཏམ་བཤད་སྤེལ་རེས་བྱས་པ་རེད།

ཚོགས་འདུར་བསྟན་དོན། རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་སྐྱོང་བ་དང་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བར་བྱ་དགོས་པ་དང་། ཐོག་མའི་བསམ་འདུན་རྩ་བར་འཛིན་ཞིང་དམངས་དོན་དུ་བརྩེ་སེམས་འཆང་བ། དམིགས་འབེན་ལག་ལེན་བསྟར་བའི་ཁྲོད་སྲིད་འགན་ལག་རྗེས་ཚད་གཞིར་འཛིན་དགོས། དངོས་སྒྲུབ་ལ་བརྟེན་ནས་བྱས་རྗེས་འཇོག་པ་དང་དུས་རབས་ཀྱི་ལས་འགན་ཡག་པོ་ཁུར་ཏེ་ཤེས་སྤྱོད་མཉམ་ལས་ཁྲོད་རྒྱུགས་ལན་ཚན་ལོན་སྤྲད་དགོས།

( པར་ངོས་གཉིས་པར་གཟིགས།)