སྤྱི་ཟླ7པའི་ཚེས16ཉིན་ལ་རྒྱལ་ཁབ་མ་འཇོག་ཚོགས་པ་ཉག་ཆུའི་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྣེ་ཁྲིད་དེ་བསྐྲུན་པའི་ཉག་ཆུའི་ཆུ་རླུང་འོད་གཞི་གཅིག་ཅན་གྱི་བློ་རིག་གཉེར་སྐྱོང་དཔེ་དབྱིབས་ཆེ་གྲས(བསྡུས་མིང་ལ་ཉག་ཆུའི་དཔེ་དབྱིབས་ཆེ་གྲས)ཁྲེང་ཏུའུ་རུ་དངོས་སུ་ཡོངས་བསྒྲགས་བྱས་པ་རེད། དེའི་ཐོག་ནས་རང་རྒྱལ་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་ཆེ་གྲས་ཨང་ཀི་ཅན་གྱི་གཤོ་བསྒྱུར་དེ་རང་བདག་ཚོད་འཛིན་དང་། མ་ལག་མཐུན་སྦྱོར། རིག་ནུས་ནུས་ཆེ་བཅས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན་ཡོད། རྒྱལ་ཡོངས་ཆུ་རླུང་འོད་གཞི་གཅིག་ཅན་གྱི་ནུས་ཁུངས་གཙང་མའི་རྟེན་གཞིར་ཕྱོགས་པའི་རིག་ནུས་གཉེར་སྐྱོང་གི་དཔེ་དབྱིབས་ཆེ་གྲས་ཐོག་མ་ཡིན་པའི་ངོས་ནས་དེའི་རྩིས་རྒྱག་ནུས་པ་དེ་རྒྱལ་ཡོངས་སུ་མཚོ་འཕགས་མཐོ་བའི་བྲག་ཕུག་རྣམ་པའི་རིག་ནུས་རྩིས་རྒྱག་ལྟེ་གནས་ཐོག་མ་སྟེ་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་གི་ཆུ་གཉིས་མདོ་ཆུ་གློག་ཁང་གི་ཕུག་ལམ་དུ་གནས་པའི་ཉག་ཆུ་ཆུ་གཉིས་མདོའི་རྩིས་གློག་མཉམ་འདྲེས་དཔེ་སྟོན་ལས་གཞིར་བཙུགས་ནས་རྩིས་རྒྱག་ནུས་པ་དང་རྩིས་ཐབས། ལས་སྟེགས་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་རང་བརྟེན་ཚོད་འཛིན་ཐུབ་པ་བྱུང་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)
