ཉེ་ཆར། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་དར་མདོར་འཚོགས་ཤིང་། ཚོགས་འདུར“གཙང་གསུམ་བཞུར་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་རྒྱུར”དམིགས་ནས་ཆེད་དོན་གྲོས་མོལ་སྲིད་གླེང་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།
ཚོགས་འདུར་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་ཁུལ་ཡོངས་ཀྱི“གཙང་གསུམ་བཞུར་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་རྒྱུའི”ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། ཚོགས་འདུའི་གཙོ་དོན་ལ་དམིགས་ནས་ཐབས་ཇུས་བཏོན་ཏེ་འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
