( པར་ངོས་དང་པོར་མཐུད།)
ཚོགས་འདུར་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”ཏང་བཙུགས་དུས་ཆེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྲིད་འགན་ལག་རྗེས་འདུ་ཤེས་འཆང་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་ངེས་པར་དུ་ཡུན་རིང་རྒྱུན་འཁྱོང་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་གི་ཏང་ཨུ(ཏང་ཚན་ཁག)གིས་སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱེད་པ་དང་། དྲིལ་སྒྲོག་དང་སྒྲོག་འགྲེལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཞིབ་འཇུག་དང་འཆད་འགྲེལ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དཀར་མཛེས་ཁུལ་དུ་དོན་ལ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་བསྐུལ་དགོས། སེམས་སུ་འཇགས་ནས་བྱས་རྗེས་ངོ་མ་གཞག་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“གཙོ་འགན་འཁུར་མཁན”གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། སྔོན་ལ་སློབ་སྦྱོང་དང་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་དང་ཟུར་ཚད་མང་བ་བཅས་ཀྱི་སྒོ་ནས་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཏེ། ཏང་མི་ལས་བྱེད་པས་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བསྐུལ་དགོས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ཐད་ཕན་འབྲས་ཐོན་པ་དང་། མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་ལས་ཀའི་ཁྲིད་ཕྱོགས་གསལ་སྟོན་བྱས་ཏེ། ཏང་མི་ལས་བྱེད་པས་བསྡུར་སློབ་བསྙེགས་བརྒལ་བྱེད་པར་སྐུལ་མ་གཏོང་བ་དང་། ཤུགས་ཡོད་རྒུ་བཏོན་ནས་ལས་གཞིར་བརྩོན་ལེན་དང་། སྲིད་ཇུས་བརྩོན་ལེན། མ་དངུལ་བརྩོན་ལེན། ཚོད་ལྟ་བྱེད་གནས་བརྩོན་ལེན་བཅས་བྱས་ཏེ། ལས་དོན་ཁག“བསྒྲུབས་ཡོད་མེད”ནས“ཡག་པོ་སྒྲུབ་ཐུབ་པར”བསྒྱུར་དགོས། རྩ་འཛུགས་འཛུགས་སྐྱོང་ཐད་བྱ་ཐབས་དངོས་བཏོན་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་། ཏང་མི་དཔུང་ཁག་གི་སློབ་གསོ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ་དེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཐད་ནན་པོ་མཐར་ཕྱིན་པ་བྱས་ཏེ། དབང་ཆ་གཅིག་སྡུད་དང་མ་དངུལ་མང་འདུས། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་བྱ་ཡུལ་བཅས་ལ་དམ་པོར་དམིགས་ནས་རྣམ་པ་གསར་པ་དང་། མངོན་མེད་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་སྔོག་བཤེར་ཞིབ་ཚགས་བྱས་ཏེ། སེམས་ཁམས་ལྷོད་གཡེང་དང་བསམ་བློ་ལྷོད་གཡེང་དུ་གཏོང་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ཡོ་བསྲང་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་དག་ཐེར་ཡོ་བསྲང་གི་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་ཏང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་བསྐུལ་དགོས།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
