དབྱར་ཟླ་བདུན་པར། དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་འོད་ལམ་ལུང་གྲོང་ཚོའི་མུའུ་བརྒྱའི་རི་མཐོ་ས་ཆའི་སྲན་འགོ་འཐོག་པའི་དུས་ཚིགས་ལ་སླེབས་ཡོད། ཡུལ་མི50ལྷག་གིས་ཡངས་ཤིང་ཁོད་སྙོམས་པའི་ཞིང་རྨོ་ཁར་སྲན་འགོ་བཏོགས་པ་དང་བསལ་པ། སྐྱེལ་འདྲེན་སོགས་ལས་ཀ་འགུལ་ནས་མི་ཁོམ་མི་ལྕོགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་འདུག།
འོད་ལམ་ལུང་གྲོང་ཚོ་ནི་མཚོ་འཕགས་མཐོ་བའི་རི་ཁུལ་དུ་གནས་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། ཐོན་པའི་སྲན་འགོ་མཉེན་ཞིང་ཞིམ། སི་ཁང་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ས་ཞིང་ཐར་ཐོར་བསྡུ་སྒྲིལ་བྱས་ཏེ་ས་རྒོད་གཙང་སེལ་དང་། ས་རྒྱུ་ལེགས་བཅོས། འཕྲུལ་ཆས་ཅན་གྱི་རྨོ་འདེབས་བཅས་བྱས་ནས་བེད་མེད་བསྐྱུར་པའི་ས་ཞིང་མུའུ100ལྷག་གང་འགྲིག་དེ་སྤྱོད་བྱས། སོན་འདེམས་པ་དང་། དོ་དམ་སྲུང་སྐྱོང། བརྔ་བསྡུ། གསོག་འཇོག་སྐྱེལ་འདྲེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཅན་གྱི་དོ་དམ་ཚོད་འཛིན་བྱས་ནས་རི་མཐོ་ས་ཆའི་སྲན་འགོའི་ཟོང་རྟགས་བསྐྲུན། ན་ལོར་མཉམ་ལས་ཁང་དེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི63ལ་ཟིན་པས་ངལ་ལས་གླ་ཕོགས་དང་ཁེ་སྤོགས་བགོ་བཤའ་སྒོར་ཁྲི23ལས་བརྒལ་ཡོད། ཞིང་དུད33གྱི་ཆ་སྙོམས་ཡོང་འབབ་སྒོར7000ལྷག་འཕར་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
