( པར་ངོས་དང་པོར་མཐུད།)
ཚོགས་འདུར་བསྟན་དོན། “དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་དང་ཐ་ན་དུས་ཡུན་དེ་བས་རིང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་གཏང་རྒྱུར་དམིགས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྨང་འདིང་ཕུགས་ཕན་གྱི་འཐབ་ཇུས་ཤིག་ཀྱང་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས“དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་གྱི་དངོས་ཡོད་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་པ་དང་ཁོང་དུ་ཆུད་པར་བྱས་ནས་གོ་སྐབས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་བརྟན་པོར་བཅངས་ཏེ་ཇུས་འགོད་སྔ་ཞིང་མགྱོགས་པ་དང་ཞིབ་ཚགས་པ། དོན་དངོས་གཉེར་བ་བཅས་ཀྱིས“དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་ལ་བསྐུལ་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ནུས་རིམ་མཆོང་བརྒལ་ཡོང་བར་སྐུལ་ཁྲིད་བྱས་ཏེ་དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས།
ཚོགས་འདུར་བསྟན་དོན། རང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྨང་གཞི་ཞན་པ་དང་ལྷག་པར་དུ“དྲ་བ་དྲུག”ཁྱབ་ཁོངས་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡིན་པས་ངེས་པར་དུ་དོན་དངོས་ལ་གཞི་བཙུགས་ཏེ་མ་སྐུལ་དང་བླངས་ཀྱིས་བསམ་གཞིག་དང་ཇུས་འགོད་བྱེད་ཅིང་། ཡུལ་བབ་དང་བསྟུན་ནས“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། “དྲ་བ་དྲུག་”ལ་མ་དངུལ་འཇོག་པའི་བར་སྟོང་རྒྱ་ཆེན་པོ་ཡོད་པ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་ལས་གཞི་དམ་འཛིན་དང་མ་དངུལ་འཇོག་པར་སྐུལ་བའི་འགག་རྩའི་གཞི་རྟེན་ཞིག་ཡིན་པས། རྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་དང་གོང་ནས་ལས་གཞི་ལོན་ཐབས་སྤྲད་པ། ལས་གཞིར་སྐུལ་སྤེལ་བཅས་ལ་ཤུགས་བསྣན་དགོས།
ཚོགས་འདུར་ནན་པོར་བསྟན་དོན། “དྲ་བ་དྲུག”འཆར་འགོད་འཛུགས་སྐྲུན་ལས་དོན་ལ་སྐུལ་བའི་ལམ་སྲོལ་བཙུགས་ནས་ཡུན་ཧ་ཅང་རིང་པོའི་དམིགས་བསལ་རྒྱལ་བུན་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག། ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་བཅས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱས་ཏེ་ས་ཞིང་དང་ཁོར་ཡུག་གདེང་འཇོག་སོགས་གྲུབ་རྐྱེན་གཙོ་བོའི་འགན་ལེན་ལ་མུ་མཐུད་ཤུགས་བསྣན་ནས་ལས་གཞི་དོན་འཁྱོལ་སྔ་ཙམ་བྱེད་པ་དང་། འཛུགས་སྐྲུན་སྔ་ཙམ་བྱེད་པ། ཕན་འབྲས་སྔ་ཙམ་ཐོན་པ་ཡོང་བ་བྱ་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ཅིང་། ལས་གཞི་འཛུགས་སྐྲུན་གྱི་ཆོས་ཉིད་ལ་བརྩི་འཇོག། ལས་གྲྭའི་སྤུས་ཚད་ནན་སྲུང་། ཉེན་མེད་ཐོན་སྐྱེད་དང་སྤྱོད་གཙང་མཐིལ་ཚད་སྲུང་བ་བཅས་ཀྱིས “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་དེ་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཉམས་ལེན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས།འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།
(ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
