1976ལོའི་སྤྱི་ཟླ7པའི་ཚེས6ཉིན། ཞིན་ཧྭ་གསར་འགྱུར་ཁང་ནས་ཡུན་བོད་གཞུང་ལམ་བསྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་གནས་ཚུལ་བསྒྲགས། ལྷོ་ནུབ་མཐའ་མཚམས་ཀྱི་འགྲིམ་འགྲུལ་མ་ལམ་གལ་ཆེན་དེ་ལྷོ་ཡུན་ནན་གྱི་འཇང་ས་དམ་ནས་འགོ་བཙུགས་ཏེ་བྱང་བོད་ལྗོངས་སྨར་ཁམས་ནས་མཇུག་རྫོགས་པ་རེད། ལམ་བར་དུ་འབྲི་ཆུ་དང་ཟླ་ཆུ་འཕྲེད་ནས་བཅད་པ་དང་། རི་བོ་ཚང་ཧྲན་དང་གསེར་ཟླ་མཚོ།འཇང་ས་དམ་གནའ་གྲོང་། ཁ་བ་དཀར་པོ་སོགས་འཛམ་གླིང་རིམ་པའི་རི་ཆུ་དང་མིའི་རིག་གནས་ཀྱི་ཡུལ་ལྗོངས་མང་པོ་གཞི་གཅིག་ཏུ་སྦྲེལ་ཡོད།
ཡུན་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལོ50ཡི་རིང་། སྤུས་ཚད་མཐོར་འདེགས་དང་བསྒྱུར་བཀོད་ཐེངས་མང་བྱས་མཐར་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་ཤར་གཏོང་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། རླངས་འཁོར་བསྐོར་ནས་ཀྱག་ཀྱོག་གི་མཐོ་སྒང་གྲོག་རོང་དུ་བསྐྱོད་སྐབས་ལམ་བར་དུ་གངས་རི་ཚོགས་ཀྱིས་བསྐོར་བ་དང་མཚོ་མཚེའུ་དྭངས་ཤིང་གཙང་བ། གནའ་གྲོང་དང་གྲོང་སྡེ་སོགས་ཕན་ཚུན་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་མང་པོ་མིག་གི་བསོད་ནམས་ལོངས་སྤྱོད་དུ་བསྩལ།།
( བདེ་ཆེན་གྱིས་བསྒྱུར། )
