དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
ཕུ་རི་ལུང་སྨུག་སྤྲིན་མཛེས་དུས་རེད།།
ནགས་ལྗོན་ཤིང་འདབ་མ་རྒྱས་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
སྟོད་རི་དྭགས་རི་ལུང་འགྲིམ་དུས་རེད།།
སྐྱིད་སྣང་བའི་རྩེད་བྲོ་རྒྱག་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
བར་སྤང་ལྗོངས་གཡུ་མདོག་ལྡན་དུས་རེད།།
མཛེས་མེ་ཏོག་འཛུམ་མདངས་བཀྲ་དུས་རེད།།
ཟླ་འདི་ཡི་ཡན་སྐྱིད་ཅིག་མེད།།
དབྱར་ཟླ་དྲུག་པའི་དུས་ཚིགས་ལ།།
སྨད་གསེར་མིག་གསེར་གཤོག་རྒྱས་དུས་རེད།།
ལུས་ཉམས་འགྱུར་འཁྱུག་རྩལ་ངོམ་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་བ་དྲུག་པའི་དུས་ཚིགས་ལ།།
བྱ་བྱིའུས་ནམ་འཕང་གཅོད་དུས་རེད།།
གསུང་སྙན་མོའི་དྲུག་འགྱུར་སྒྲོག་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
སྦྲང་བུང་བའི་གཤོག་དྲུག་འཛོམ་དུས་རེད།།
དབྱངས་སྙན་མོའི་མགྲིན་གླུ་ལེན་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
ཆར་ཟིམ་མའི་རྒྱུན་ཐག་འཇམ་དུས་རེད།།
རྩྭ་རྩི་ཤིང་ལང་ཚོ་དར་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
རོགས་ན་ཟླ་སྣང་བ་སྤྲོ་དུས་རེད།།
མཛེས་མེ་ཏོག་རྣ་རྒྱན་འདོགས་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
ཆུང་བྱིས་པ་རྩེད་འཇོ་རོལ་དུས་རེད།།
ཆབ་ཆུ་ནང་སྐྱིད་ཉལ་རྒྱག་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
དབྱར་ཟླ་བ་དྲུག་པའི་དུས་ཚིགས་ལ།།
འབྲོག་སྡེ་བ་ཉམས་བཟང་མངོན་དུས་རེད།།
དཀར་འོ་མའི་རྒྱ་མཚོ་འཁྱིལ་དུས་རེད།།
ཟླ་འདི་ཡི་ཡན་ལ་སྐྱིད་ཅིག་མེད།།
༼ རྐང་ལམ་དཀར་པོ། ༽
