དབྱར་ཁ་སླེབས་དུས་དར་མདོ་གྲོང་ཁྱེར་ཝ་ཁྲལ་གྲོང་སྡེའི་ས་གཞི་ཡངས་པོར་སྔོ་ལྗང་གོས་བཟང་གིས་བཀླུབས་ཤིང་། ཁྲ་ཆིལ་མེ་ཏོག་གིས་རི་ལུང་བརྒྱན་པ་དང་། བྱ་བྱེའུ་ཚོགས་ཀྱིས་མགྲིན་གླུ་གྱེར་བའི་དབྱར་གྱི་དཔལ་ཡོན་ཕྱོགས་ཀུན་ཏུ་བཞད། ཕྱེ་མ་ལེབ་དང་རྐང་དྲུག་བུང་བས་དགའ་བའི་གླུ་ལེན་བཞིན་འཕུར་ལྡིང་གར་ལ་རོལ་བ་སོགས་སྐྱེ་དངོས་ཐམས་ཅད་ལ་ཚེ་སྲོག་གི་འཚོ་བཅུད་གསར་པའི་གསོན་ཤུགས་ཀུན་ནས་རྒྱས། གངས་རིའི་བརྗིད་ཉམས་དང་རྩྭ་ཐང་གི་མཛེས་སྡུག་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་མཛེས་རིས་ལྟ་བུའི་ཡུལ་ལྗོངས་ཤིག་ཏུ་གྲུབ་ནས། ཕྱོགས་བཞིའི་ཡུལ་སྐོར་བ་ཁྲི་སྟོང་མང་པོ་མ་བོས་མགྲོན་དུ་ཕེབས་ནས་ཡུལ་དེ་གའི་སྐྱེ་ཁམས་མཛེས་སྡུག་གི་དཔལ་ལ་མྱོང་རོལ་བྱེད་བཞིན་ཡོད་དོ།།
( བདེ་ཆེན་གྱིས་བྲིས་ཤིང་པར་བླངས།)
