国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་སྡེ་དགེ་རྫོང་དུ་རྟོག་ཞིབ་གནང་སྐབས།

ཡུལ་བབ་དང་བསྟུན་ཞིང་སྲིད་ཇུས་ལག་ལེན་གནད་སྨིན་བསྟར་བ་རྒྱུན་འཁྱོངས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྲུང་སྐྱོང་ཆུ་ཚད་མཐོན་པོ། བཅོས་སྐྱོང་ ཕན་ནུས་ཆེ་བ་མཉམ་སྐུལ་ཡག་པོར་ཡོང་བ་བྱ་དགོས་གསུངས།

12632_01B_20260730སྤྱི་ཟླ7པའི་ཚེས28ཉིན་ལ་ཀྲའོ་པོ་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་མཁྱིན་ལི་བཟོ་ཁང་དུ་ཕེབས་ནས་མི་རིགས་ལག་ཤེས་བཟོ་རྩལ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་ཁྱད་ཆོས་རིག་འཆར་ཐོན་རྫས་ཐོན་འཚོང་བྱས་ཚུལ་ཆ་རྒྱུས་བླངས་པ་རེད།

སྤྱི་ཟླ7པའི་ཚེས28ནས་ཚེས29ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་སྡེ་དགེ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་ཕྱོགས་སུ་བྱེད་ཅིང་། ཡུལ་བབ་དང་བསྟུན་ཞིང་སྲིད་ཇུས་ལག་བསྟར་གནད་ལ་སྨིན་པ་བྱ་རྒྱུ་རྒྱུན་འཁྱོངས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྲུང་སྐྱོང་ཆུ་ཚད་མཐོན་པོ། བཅོས་སྐྱོང་ཕན་ནུས་ཆེན་པོ་མཉམ་སྐུལ་ཡོང་བར་བསྐུལ་ཏེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་སྟོབས་ཤུགས་དེ་བས་མང་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)