ཉེ་ཆར། དཀར་མཛེས་ཁུལ་བསྡོམས་རྩིས་ཅུས་ཀྱིས2026ལོའི་ལོ་སྟོད་ཀྱི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི“གྲུབ་འབྲས་རེའུ་མིག”བསྒྲགས་པ་རེད། གྲངས་གཞི་ནས་མངོན་པར་གཞིགས་ན། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་གཞིར་བཟུང2026ལོའི་ལོ་སྟོད་དུ་ས་གནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར309.46ལ་ཟིན། དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་ན་ལོའི་དུས་མཉམ་ལས་བརྒྱ་ཆ6.1འཕར་བ་རེད། ཐོན་ལས་ཕྱེ་ནས་བལྟས་ན་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.47ལ་ཟིན་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.0འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར105.21ལ་ཟིན་ནས་བརྒྱ་ཆ7.6འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་རིན་ཐང་སྒོར་དུང་ཕྱུར176.78ལ་ཟིན་ནས་བརྒྱ་ཆ5.4འཕར། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ་རེད།
ཞིང་ལས་ཐོན་སྐྱེད་ཀྱི་མྱུར་ཚད་མགྱོགས་ཤིང་ཕན་འབྲས་འཕར། ལོ་སྟོད་དུ་ཁུལ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ན་ལོའི་དུས་མཉམ་ལས་བརྒྱ་ཆ4.8འཕར་བ་དང་། བཟོ་ལས་ཐོན་སྐྱེད་འཁོར་སྐྱོད་བརྟན་པོ་བྱུང་ཡོད། ལོ་སྟོད་དུ་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ན་ལོའི་དུས་མཉམ་ལས་བརྒྱ་ཆ8.9འཕར་བ་དང་། ཟླ་བ་དང་པོ་ནས་ལྔ་པའི་བར་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར94.8བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ10.5འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར22.3ལ་ཟིན་ནས་བརྒྱ་ཆ9.3འཕར། ཞབས་ཞུའི་ལས་རིགས་འཕར་སྣོན་བརྟན་པོ་བྱུང་ཞིང་། ལོ་སྟོད་དུ་དཀར་མཛེས་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.4འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཡོད། ལོ་སྟོད་དུ་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆ15.4འཕར་བ་དང་། འཛད་སྤྱོད་ཁྲོམ་རའི་སྤུས་ཚད་དང་ཤོང་ཚད་ཆེ་རུ་ཕྱིན། ལོ་སྟོད་དུ་དཀར་མཛེས་ཁུལ་གྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར74.20བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ6.3འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་མགྱོགས་མྱུར་འཕར་ཞིང་། ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར54.58བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ22.8འཕར་བ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)
