ཉེ་ཆར། དཀར་མཛེས་ཁུལ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་རྟའུ་རྫོང་དུ་འཚོགས་པ་རེད། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཚོགས་འདུར་རྒྱུད་རིམ་ལྡན་པའི་ཇུས་འགོད་དང་ཁྱོན་ཡོངས་བཀོད་སྒྲིག་བརྒྱུད་དེ།ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་གྲགས་རྟགས་བཏོད་པ་དང་།རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་ཤུགས་ཡོད་རྒུས་བསྐྲུན་ཏེ།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་དོན་འགོ་འཛུགས་ས་མཐོན་པོས་ཇུས་འགོད་དང་ཚད་གཞི་མཐོན་པོས་སྐུལ་འདེད། སྤུས་ཚད་མཐོན་པོས་འགོ་འཛུགས་པ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
རིག་གནས་ཡུལ་སྐོར་ལ་སྐུལ་མ་གཏོང་བའི་སྲིད་ཇུས་གསར་པ་དོན་ལ་དངོས་སུ་འཁྱོལ།
ད་ཐེངས་ཀྱི་ཚོགས་ཆེན་གྱི་གྲུབ་འབྲས་གཙོ་བོའི་གྲས་ཤིག་ནི་དངོས་སུ་བསྒྲག་ཉེར་ཡོད་པའི《དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བརྩོན་སྐུལ་སྲིད་ཇུས》དེ་རེད། སྲིད་ཇུས་གསར་པར་གཞིགས་ན། ཁུལ་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱ་རྒྱུ་དང་འབྲེལ་ནོར་ཤུགས་འཕར་བ་དང་བསྟུན་ནས་ལོ་རེ་བཞིན་འཕར་བའི་ལམ་སྲོལ་བཙུགས་པ་རེད།
སྒོར་ཁྲི2000ཡི་གཏོང་ཕྱོགས་ཁ་གསལ་ཞིང་དོན་ལ་གནས་པ་ཡིན། དེའི་ནང་སྒོར་ཁྲི100རིག་གནས་ཡུལ་སྐོར་ཚོང་ཟོག་རྫུན་མ་འཚོང་བར་སྐྱིན་ཚབ་སྔོན་སྤྲོད་ལ་ཆེད་དུ་སྤྱད་རྒྱུ་དང་། གཞན་སྒོར་ཁྲི1900ཡུལ་སྐོར་འཕེལ་རྒྱས་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན།ལུས་རྩལ་བྱེད་སྒོ་སྤེལ་བ།རིག་དངོས་སྲུང་སྐྱོང་བེད་སྤྱོད། ཁྲོམ་རའི་ཚོང་གཉེར་རྒྱ་ཆེར་སྤེལ་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ལས་རིགས་དོ་དམ་སོགས་མངའ་ཁོངས་ལ་སྤྱད་རྒྱུ་ཡིན་པ་རེད།
སྔོན་ཆད་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་མང་ཆེ་བ་སྟབས་བསྟུན་ངང་བཀོད་སྒྲིག་བྱེད་ཀྱིན་ཡོད། ད་ཆ་ལོ་རེར་བཅད་གྲངས་སྒོར་ཁྲི2000གཏན་ལ་ཕབ་ནས་ཚང་མར་སྲིད་གཞུང་གི་འཆར་འགོད་དང་བསྟུན་ནས་སྤྱད་རྒྱུར་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འགྱུར་བ་གཏོང་མི་ཐུབ་པའི་མ་དངུལ་གཏོང་སྲོལ་བཙུགས་པ་ནི་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གནས་ཚུལ་བརྡར་གཅོད་གནད་ལ་འཁེལ་བར་དམིགས་ཡོད།
2025ལོའི་ལོ་མཇུག་བར་རང་ཁུལ་གྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ115ལ་ཟིན་པས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཁུལ་རིམ་པ་ཡན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས1196ལ་ཟིན་པ་དང་རིག་དངོས་སྲུང་སྐྱོང་ལས་ཁུངས1325ཡོད་པས་སྤྱི་འབོར་ཚང་མ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2025ལོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི4767.7ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར524.7ལ་ཟིན་ཡོད།
ཚོགས་ཆེན་ཅིའི་ཕྱིར་རྟའུ་རུ་འཚོགས།
ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྡེ་དར་རྒྱས་མཉམ་དུ་བསྐུལ་བའི་ཁྲོད་དུ་ཐོབ་པའི་ལག་ལེན་གྲུབ་འབྲས་ཀྱིས་ཁུལ་ཡོངས་ལ་ཞིབ་བསྡུར་དང་འདྲ་བཟོ་བྱེད་ཆོག་པའི་མ་དཔེ་གསོན་པོ་མཁོ་སྤྲོད་བྱས་པ་རེད། ཚོགས་ཆེན་འཚོག་ས་རྟའུ་རྫོང་བདམས་པ་ལས་དཔེ་མཚོན་ལ་དམིགས་པ་དང་གནས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པའི་བརྡ་རྟགས་མངོན་གསལ་བསྟན་ཡོད།
མཐོ་སྒང་ཡུལ་སྐོར་གྱི་མི་སྡོད་དཀའ་བའི་གནས་ཚུལ་ལ་དམིགས་ཏེ། རྟའུ་རྫོང་གི་བྱེད་སྟངས་ཀྱིས་བློ་སྒོ་འབྱེད་ཐུབ། རྫོང་མཁར་དང་མཐའ་འཁོར་ཡུལ་ཤོག་དང་གྲོང་རྡལ་དུ་གནས་པའི་གནས་ཚང་འདུས་ཚོགས་སུ་བང་ཁང་གི་ཤིང་གི་གྲུབ་ཆ་དང་ཚོན་རིས་ཀྱི་ཁྱད་ཆོས་ཚད་མཐོ་ཤོས་སོར་འཇོག་བྱས་ཡོད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲི་པུའུ་དང་མཐུན་ཚོགས།ཞིང་དུད་ལ་བཅས་སྦྲེལ་བས་རྩ་འཛུགས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད་དེ། རྫོང་ཡོངས་སུ་སྐར་དཔྱད་རིམ་པའི་གནས་ཚང་དུད་ཚང300ལ་ཟིན་ཡོད། དན་གྲངས་ལས་མངོན་པར་གཞིགས་ན། 2025ལོར་རྟའུ་རྫོང་གིས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་ཁྲི188ལ་ཟིན་པ་དང་།ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར20བྱུང་ཡོད།
ལུང་བསྟན་རྩྭ་ཐང་དུ་འཛམ་གླིང་གི་ནོར་གནས་སྦྲ་གུར་བཟོ་སྐྲུན་ཆེས་ཆེ་བའི་ས་རྟགས་བསྐྲུན་པ་དང་བསྟུན་ནས་ས་གནས་དེ་གའི་འབྲོག་རའི་ལྗོངས་ཁུལ་དང་འབྲོག་དུད་ཀྱི་འཕེལ་རྒྱས་མ་དཔེ་གསར་གཏོད་ཁྱབ་སྤེལ་བཏང་སྟེ། ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ་དང་འབྲོག་མི་མ་དངུལ་འཇོག་མཁན་ལ་བསྒྱུར་བ། སྐྱེ་ཁམས་མ་རྩ་ལ་བསྒྱུར་ནས་ཡོང་འབབ་དངོས་གནས་དྲང་གནས་ཡུལ་མིའི་ལག་ཏུ་ཐོབ་པ་བྱས་ཡོད།ལུང་བསྟན་ཡུལ་ཤོག་གི་གྲོང་སྡེ5ཡིས་མཉམ་འབྲེལ་བྱས་ནས་རྟ་ཐོག་ཡུལ་སྐོར་ཞབས་ཞུ་སྒྲུབ་པ་དང་།རྟ་པ་མཐུན་ཚོགས་ནང་ཞུགས་མཁན་འབྲོག་པ་དུད་ཚང600ལྷག་ལ་ལོ་རེར་ཡོང་འབབ་སྒོར་ཁྲི200རག་ཡོད།
ལས་ཡུལ་དུ་བརྟག་ཞིབ་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ།
ད་ཐེངས་ཀྱི་ཚོགས་ཆེན་དུ་ཐོན་ལས་ལ་གཙོ་བོ་འཛིན་རྒྱུ་དང་དཔེ་མཚོན་དབྱེ་ཞིབ་བརྒྱུད་དེ།ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འདྲ་བཟོ་བྱེད་ཆོག་པའི་ཁྱབ་སྤེལ་ཉམས་མྱོང་འཚོལ་ཡོད། བརྟག་ཞིབ་བྱེད་ས་ལྗོངས་ཁུལ་རྐྱང་མ་ནས་ལུ་གུ་རྒྱུད་ལྟར་བསྒྱུར་ནས་ཚོགས་ཞུགས་འཐུས་མིར་
ཆ་ཤས་ལག་ལེན་ཁྲོད་ནས་ས་ཁོངས་ཡོངས་ཀྱི་འཕེལ་རྒྱས་ཐུན་མོང་རང་བཞིན་ཆོས་ཉིད་གསལ་རྟོགས་ཡོང་བར་ཁྲིད་སྟོན་བྱས་པ་རེད། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཐད་འཐུས་མི་ཚོས་གསེག་རི་གླིང་ག་སོགས་ཡུལ་དངོས་སུ་བཅར་འདྲིར་བརྒྱུད་དེ་ལྗོངས་ཁུལ་གྱིས་གྲོང་སྡེ་ཁྲིད་པའི་བྱེད་སྟངས་གཙོ་བོ་རྒྱུས་ལོན་ཟབ་མོ་བྱེད་ཆོག། ཁྱད་ཆོས་ཞག་སྡོད་མཁོ་སྤྲོད་ཐད་བརྟག་ཞིབ་བྱ་ཡུལ་བང་ཁང་བེད་སྤྱོད་གང་འགབ་བྱ་རྒྱུར་ཕྱོགས་ཡོད། འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་ལག་ལེན་ཐད་བརྟག་ཞིབ་ཀྱི་དམིགས་སོ་ལུང་བསྟན་རྩྭ་ཐང་ཆེན་པོ་སོགས་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་དུ་སྣུར་སྲིང་བྱས་ཡོད།
གཟུགས་མེད་རིག་གནས་ཤུལ་བཞག་གསོན་རྣམ་བརྒྱུད་འཛིན་ཐད་བརྟག་ཞིབ་ཀྱི་དོ་ཁུར་བྱ་ཡུལ་དེ་རྒྱུན་གཏན་ཅན་གྱི་འཁོར་སྐྱོད་ཚོང་གཉེར་གྱི་འགག་རྩའི་གནད་དོན་ལ་བྱས་ཡོད།།( བདེ་ཆེན་གྱིས་བསྒྱུར།)
