国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་ཁུལ་བཟའ་བཅའ་ཉེན་མེད་ཨུ་ལྷན་གྱི2026ལོའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུར།

“ནན་ཤོས་བཞིའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་ཏེ། མང་ཚོགས་ཀྱི་བཟའ་བཅའ་ཉེན་མེད་ ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་གསུངས།

ཉེ་ཆར། རང་ཁུལ་གྱིས་བཟའ་བཅའ་ཉན་མེད་ཨུ་ལྷན་གྱི2026ལོའི་ཚང་འཛོམས(རྒྱས་འཛོམས)ཚོགས་འདུ་འཚོགས་ནས་བཟའ་བཅའ་ཉེན་མེད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནན་ཤོས་བཞིའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བ་དང་། བཟའ་བཅའ་ཉེན་མེད་ཀྱི་འགན་འཁྲི་སེམས་སུ་བཟུང་ནས་མང་ཚོགས་ཀྱི་བཟའ་བཅའ་ཉེན་མེད་ཡོང་བ་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཟའ་བཅའ་ཉེན་མེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་ནི་ཆབ་སྲིད་ལ་སྣང་ཆེན་དང་འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་པ། བརྟན་བརླིང་ལ་སྲུང་སྐྱོང་བཅས་བྱེད་པ་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་། ཡུན་རིང་བྱས་རྗེས་འཇོག་པ། ཟས་རིགས་ཉན་མེད་ཀྱི་འགོག་སྲུང་མཐའ་གཅིག་ཏུ་བརྟན་པོར་བཟོ་དགོས་ཞེས་བསྟན་པ་རེད།

ཚོགས་འདུར། གཅིག་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་འགག་སྒོ་ནན་པོ་སྲུང་བ་དང་། གཉིས་ནས་ཐོན་སྐྱེད་བཟོ་སྣོན་གྱི་འགག་སྒོ་ནན་པོ་བསྲུང་དགོས། གསུམ་ནས་འཁོར་རྒྱུག་དང་ཕྱིར་འཚོང་གི་འགག་སྒོ་དམ་སྲུང་བྱ་དགོས། བཞི་ནས་བཟའ་བཏུང་འཛད་སྤྱོད་ཀྱི་འགག་སྒོ་ནན་པོ་བསྲུང་དགོས། ལྔ་ནས་འགན་འཁྲི་ནན་དུ་གཏང་དགོས། དྲུག་ནས་བཅོས་སྐྱོང་དམ་འཛིན་བྱ་དགོས། བདུན་ནས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། བརྒྱད་ནས་དྲིལ་སྒྲོག་རྒྱ་ཆེར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)