སྤྱི་ཟླ7པའི་ཚེས31ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་ལས་དོན་ཞིབ་འཇུག་བཀོད་སྒྲིག་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།
ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་མཐིལ་ཚད་བསམ་གཞིག་བརྟན་པོ་བཅངས་ཤིང་སེམས་ཁྲལ་འདུ་ཤེས་དྲག་ཏུ་བཏང་ནས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། ཉེན་མེད་འགན་ལེན། བརྟན་བརླིང་སྲུང་སྐྱོང་བཅས་བྱ་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ལིན་གྲོས་ཚོགས་སུ་ཞུགས་ཡོད།
ཚོགས་འདུར་བསྟན་དོན། ད་ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཁུལ་ཨུའི“མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི”གཙོ་དོན་ལག་ལེན་བྱེད་སྒོ་དང་དམ་པོར་སྦྲེལ་ནས་ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཏན་ཏིག་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་རྒྱས་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་དེ་མཐོར་འདེགས་ཡོང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་ཡོད། ཡིན་ན་ཡང་ང་ཚོས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་མདུན་དུ་རང་ཁུལ་གྱི་བདེ་འཇགས་བརྟན་བརླིང་ལས་དོན་ལ་སྔར་བཞིན་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཡོད་པ་གསལ་པོར་ཤེས་དགོས།( པར་ངོས་བཞི་པར་གཟིགས།)
