སྤྱི་ཟླ8པའི་ཚེས3ནས4ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཉག་རོང་རྫོང་དང་དཔལ་ཡུལ་རྫོང་དུ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་ཏེ་ཐོན་ལས་དམ་འཛིན་དང་། དམངས་འཚོར་ཕན་པ། བདེ་འཇགས་འགན་སྲུང་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཉག་རོང་རྫོང་དབྱི་ཞིན་ཚན་རྩལ་དཔེ་སྟོན་གླིང་དང་། ཞིང་ལས་དམིགས་བསལ་ཐོན་རྫས་ལས་སྣོན་གླིང་དང་གཡང་གནས་ཡུལ་ཤོག་གི་འོ་མ་ས་ཚུགས་སུ་དབྱང་ཧུང་ཧྲོའུ་ཡིས་ཐོན་ཁུངས་ཀྱི་ལྷན་སྐྱེས་སྤུས་ཚད་ལ་དམིགས་ཏེ། མཐོ་སྒང་ལུག་མིག་ཇ་དང་འབྲི་འོ་ཐོན་རྫས་སོགས་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མང་ཚོགས་འབབ་འཕར་ཕྱུག་འབྱོར་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་། ཕན་ཐེང་ནུས་ཁུངས་གསར་པའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་དབྱང་ཧུང་ཧྲོའུ་ཡིས་ཁེ་ལས་ཀྱིས་ཉི་འོད་ནུས་པའི་འོད་ཤུགས་གློག་གཏོང་ལག་རྩལ་ཐད་གསར་གཏོད་དང་བེད་སྤྱོད་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁེ་ལས་ཀྱིས་ནུས་ཁུངས་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཞིབ་འཇུག་གསར་སྤེལ་གྱི་རིན་ཐང་དེ་ཐོན་རྫས་རིན་ཐང་དུ་ཏན་ཏིག་བསྒྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
( པར་ངོས་བཞི་པར་གཟིགས།)
