国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དམངས་དོན་ཁྲིམས་གཞུང་དུ་བཟའ་ ཚང་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་ གཏན་འཁེལ་བྱས་ཡོད་དམ།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》དུ་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་གཏན་འཁེལ་བྱས་ཡོད་ཅེ་ན། “གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་ལ་བཙལ་བའི་རྒྱུ་ནོར་ནི་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ཡིན”ཞེས་བཀོད་ཡོད། བཅའ་ཁྲིམས་གཏན་འཁེལ་འདིའི་གནས་ཚུལ་བྱུང་དུས། བཟའ་ཚང་མ་འཐོར་རུང་སྔར་བཞིན་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་བགོ་ཆོག《དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་གི་རྒྱུ་ནོར་བགོ་རྒྱུའི་རེ་འདུན་ཞུས་ཆོག། གཅིག། ཕྱོགས་གཅིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་གཏོང་བ། བག་མེད་ལོངས་སྤྱོད་བཅས་བྱས་པའམ་ཁྱོ་ཤུག་ཐུན་མོང་གི་བུ་ལོན་རྫུན་བཟོ་བྱས་པ་སོགས་ཐུན་མོང་གི་རྒྱུ་ནོར་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་ཡོད་པ། གཉིས། ཕྱོགས་གཅིག་ལ་ཁྲིམས་བཀོད་འཚོ་སྐྱོང་གི་འོས་འགན་ཡོད་པའི་སྐྱེ་བོར་ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་བྱ་དགོས་ཤིང་། ཕྱོགས་གཞན་དེས་འབྲེལ་ཡོད་ཀྱི་སྨན་བཅོས་གྲོན་དངུལ་སྤྲོད་པར་མོས་མཐུན་མེད་པ། དུས་མཚུངས་སུ《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད་སྤྱད་འཐུས་ཐད》ཀྱིས་གོང་གི་དོན་ཚན་ལ་ཚད་བཀག་བྱས་ཡོད་དེ། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་།《དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པའི་གཏན་འཁེལ་གྱི་གནས་ཚུལ་ལས་གཞན། ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་གི་རྒྱུ་ནོར་བགོ་རྒྱུའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་མི་སྲིད། ཡང་ཅིག་བཤད་ན། ཁྱོ་ཤུག་ཕྱོགས་གཅིག་ཁོ་ནར《དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པའི་གཏན་འཁེལ་གྱི་བྱ་སྤྱོད་ཡོད་དུས། ཕྱོགས་གཞན་དེར་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་ཐུན་མོང་གི་རྒྱུ་ནོར་བགོ་རྒྱུའི་རེ་བ་འདོན་དབང་ཡོད།།

( ཀུན་དགས་བསྡུས།)