国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)

མཚལ་རི་ལྗོངས་ཁུལ་དང་མཚོ་ཁ་མཚེའུ་ལྗོངས་ཁུལ་དུ་དབྱང་ཧུང་ཧྲོའུ་ཡིས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ལ་རྟོག་ཞིབ་གནང་བ་དང་། ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་དང་ལས་རྣམ་བཀོད་སྒྲིག་སོགས་ཀྱི་སྙན་སེང་ལ་ཉན་འཇོག་དང་། ལྗོངས་ཁུལ་གསར་སྤེལ་ཁེ་ལས་དང་ཁོངས་གཏོགས་ས་ཆའི་སྲིད་གཞུང་གིས་ཐོན་ཁུངས་ལ་དམིགས་ཤིང་མ་དངུལ་བེད་སྤྱོད་ཡག་པོ་བྱེད་ཅིང་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ཏེ། ཡུལ་སྐོར་བའི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་གསུངས།

ཉག་རོང་རྫོང་རྒན་རྒོན་བདག་སྐྱོང་ཁང་དུ་དབྱང་ཧུང་ཧྲོའུ་ཡིས་ས་གནས་ཁག་གིས་རྒན་རྒོན་ལས་དོན་དང་། རྒན་གསོའི་ཞབས་ཞུའི་འགན་ལེན་ལ་རྒྱུན་མཐུད་ཤུགས་བརྒྱབ་ནས་བློ་གཅིག་སེམས་གཅིག་གིས་རྒན་རྒོན་ལ་བྱ་བ་དངོས་དང་། བྱ་བ་བཟང་པོ་བསྒྲུབས་ཏེ་རྒན་རྒོན་རྒྱ་ཆེན་གྱིས་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

རྒྱལ་ལམ227ལམ་རྒྱུད་ཉག་རོང་དུམ་མཚམས་ཀྱི་གནོད་འཚེ་བཅོས་སྒྲིག་ཨར་ལས་བྱ་ཡུལ་དུ་དབྱང་ཧུང་ཧྲོའུ་ཡིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་རྩ་བར་འཛིན་པ་དང་། བདེ་འཇགས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་ཏེ། སྤུས་ཚད་ལྟ་སྐུལ་དོ་དམ་དང་ཨར་ལས་ཉེན་མེད་དམ་འཛིན་ནན་པོ་བྱེད་པ། ཆུ་ལོག་སྔོན་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་ལས་གྲྭ་དེ་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་ལས་གྲྭ་དང་། དུས་བདེའི་ལས་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)