国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལེགས་ཆར་དམིགས་ནས་གོ་སྐབས་དམ་འཛིན་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས།

(པར་ངོས་དང་པོར་མཐུད།)

དར་མདོ་གྲོང་ཁྱེར་དཀར་རྒྱན་ཁ་ལི་གཏེར་ཁུལ་དུ་དབྱང་ཧུང་ཧྲོའུ་ཡིས་ལི་གཏེར་ཐོན་ཁུངས་རྩད་ཞིབ་དང་། གསར་སྤེལ། གཏེར་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་། གཏེར་རྡོ་སྐྱེལ་འདྲེན། གཏེར་སྙིགས་བླུག་ས་འཛུགས་སྐྲུན་བཅས་དང་། ཆུ་དང་གློག། གཞུང་ལམ། ས་ཆ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཐད་ཀྱི་ཁེ་ལས་ཀྱི་གྲོས་འགོར་ཉན་འཇོག་གནང་བ་རེད། ཁོང་གིས་ལི་གཏེར་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཡིན་པས། གོ་སྐབས་དམ་འཛིན་དང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་མྱུར་སྒྲུབ་དང་། དངོས་སྒྲུབ། དཀའ་སྒྲུབ། ཐབས་མཁས་བཅས་རྒྱུན་འཁྱོངས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ལི་གཏེར་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་དགོས་ཞེས་ནན་གསུང་གནང་བ་རེད།

དར་མདོ་གྲོང་ཁྱེར་ལྷ་སྒང་དགོན་དུ་དབྱང་ཧུང་ཧྲོའུ་ཡིས་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གསུང་མོལ་གནང་བ་དང་། དགོན་སྡེ་ཁྲིམས་ལྟར་དོ་དམ་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཉག་ཆུ་རྫོང་གི་ཆུ་གཉིས་མདོའི་ཆུ་འཐེན་ནུས་གསོག་དང་པོའི་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་ཁུལ་གྱི་སྦག་མེད་ནུས་ཁུངས་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཡོད་པས། ཁེ་ལས་ཀྱིས་ཆུ་གློག་དང་། འཐེན་གསོག། བློ་གྲོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྦག་མེད་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ཉག་ཆུ་འབབ་རྒྱུད་ཀྱི་ཆུ་དང་རླུང་། འོད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉག་ཆུ་རྫོང་མགར་ར་གྲོང་རྡལ་བཅུ་གཉིས་སྤང་གྲོང་སྡེར་དབྱང་ཧུང་ཧྲོའུ་ཡིས་ཡུལ་དངོས་སུ་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་གལ་ཆེན་སྐུལ་ཚུལ་ལ་རྟོག་ཞིབ་གནང་བ་དང་། ཉག་ཆུ་ས་ཚུགས་གྲོང་ཁྱེར་གཅིག་གྱུར་འཛུགས་སྐྲུན་གྱི་གནས་ཚུལ་ལ་གསན་ནས་འགྲིམ་འགྲུལ་ལྟེ་གནས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། འཕེལ་རྒྱས་འཆར་འགོད་ལེགས་སུ་གཏོང་ཞིང་ཐོན་ལས་དང་དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་ཇུས་འགོད་དང་། ལག་བསྟར་བྱ་རྒྱུར་ཤུགས་བརྒྱབ་ནས་ས་ཆ་སྤྱོད་པའི་སྲིད་ཇུས་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ས་ཚུགས་དང་གྲོང་ཁྱེར་གཞི་གཅིག་ཏུ་བསྒྱུར་བ་དང་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་གསུངས་པ་རེད།

དབྱང་ཧུང་ཧྲོའུ་ད་དུང་ཉག་ཆུ་རྫོང་གི་བེ་ཤ་ཉོ་ཚོང་ཁྲོམ་རར་ཕེབས་ནས་བེ་ཤ་ཐོན་སྐྱེད་དང་། ཉོ་སྒྲུབ་རིན་གོང་དང་ཐོན་འཚོང་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)