国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཉག་ཆུ་དང་ལི་ཐང་། འབའ་ཐང་རྫོང་བཅས་སུ་རྟོག་ཞིབ་གནང་སྐབས།

སྐྱེ་ཁམས་རིག་གནས་ཡུལ་སྐོར་ཁྱད་ཡོན་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་སྤུས་ཚད་ མཐོན་པོའི་ལམ་བུར་ཡག་མོ་བསྐྱོད་དགོས་གསུངས།

13123_01B_20260810ཀྲའོ་པོ་ཡིས་ཉག་ཆུ་རྫོང་བེ་ཤ་ཐོན་ལས་གླིང་ཁུལ་དུ་གནས་ཚུལ་རྒྱས་ལོན་གནང་།

སྤྱི་ཟླ8པའི་ཚེས5ནས7ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཉག་ཆུ་རྫོང་དང་ལི་ཐང་རྫོང་། འབའ་ཐང་རྫོང་བཅས་སུ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་དང་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་དུ་ཕེབས་པ་རེད ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་བ། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་འཆང་བ་དང་ལག་ལེན་བསྟར་བ། དེང་རབས་ཅན་གྱི་བླང་བྱ་དང་འཕྲོད་པའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་སྒོ་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཞེས་ནན་གསུང་གནང་།

རྟོག་ཞིབ་ཁྲོད་དུ་ཀྲའོ་པོ་ཡིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་དོ་ཁུར་ཆེན་པོ་གནང་གིན་ཡོད། ཁོང་ཉག་ཆུ་རྫོང་བེ་ཤ་ཐོན་ལས་གླིང་ཁུལ་གྱི་ཉོ་ཚོང་ཁྲོམ་རར་ཕེབས་ནས་བེ་ཤ་ཡི་རིན་གོང་དང་ཐོན་ཚད། ཕྱིར་ཚོང་། དེ་བཞིན་ཞིང་འབྲེལ་ཞིང་ཁྲིད་འབབ་འཕར་སོགས་ཀྱི་གནས་ཚུལ་སྐོར་འདྲི་རྩད་ཞིབ་ཕྲ་གནང་། ཁོང་གིས་གློག་འདོན་ཁང་ཚད་ལྡན་ཅན་གྱི་གཉེར་སྐྱོང་དོ་དམ་དམ་འཛིན་ཡག་པོ་བྱས་ནས་ཤེས་ནུས་དོ་དམ་ཚོད་འཛིན་ལས་སྟེགས་ལ་བརྟེན་ནས་གཉེར་སྲུང་ཕན་ནུས་ཆེ་རུ་གཏོང་བ་དང་། ཉེན་མེད་ཐོན་སྐྱེད་ལམ་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བླང་བྱ་དོན་ལ་འཁྱོལ་བ། སྦག་མེད་ནུས་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྤྱི་འདོམས་བཅས་བྱས་ཏེ་སྦག་མེད་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས་གསུངས།

( པར་ངོས་གཉིས་པར་གཟིགས།)