国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་དབྱར་འབྲུ་འདེབས་ཁྱོན་དང་སྤྱིའི་ཐོན་ཚད་གཉིས་ཀ་འཕར་སྣོན་བྱུང་ཡོད།

ཉེ་ཆར་གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་ཁུལ་བརྟག་དཔྱད་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ཁུལ་གྱི་དབྱར་འབྲུ་འདེབས་ཁྱོན་དང་སྤྱིའི་ཐོན་ཚད་གཉིས་ཀ་འཕར་ནས་མཐོ་སྒང་གི“ཐན་ཧྥུ་འབྲུ་མཛོད”འཛུགས་སྐྲུན་ལ་ཕན་འབྲས་ཏན་ཏིག་ཐོབ་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2026ལོར་རང་ཁུལ་གྱི་དབྱར་འབྲུ་འདེབས་ཁྱོན་མུའུ་ཁྲི6.74ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས་མུའུ་ཁྲི0.25འཕར་བ་དང་བརྒྱ་ཆ3.94འཕར་ཡོད། དབྱར་འབྲུ་སྤྱིའི་ཐོན་ཚད་ཏུན་ཁྲི1.56ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས་ཏུན་ཁྲི0.06འཕར་བ་དང་བརྒྱ་ཆ3.7འཕར་ཡོད། འདེབས་ཁྱོན་གྲུབ་ཆའི་རང་བཞིན་གྱི་ཤོང་ཚད་རྒྱ་ཆེ་རུ་ཕྱིན་ནས་ཐོན་ཚད་འཕར་བའི་འདེགས་སྐྱོར་གཙོ་བོར་གྱུར་ཡོད།

འདེབས་འཛུགས་གྲུབ་ཚུལ་ལ་བལྟས་ན། ཁུལ་ཡོངས་ཀྱི་དབྱར་འབྲུ་ལ“གཉིས་འཕར་གཉིས་བསྙུང”གི་རྣམ་པ་མངོན་ཡོད། འབྲུ་རིགས་འདེབས་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི4.32ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས་བརྒྱ་ཆ7.11འཕར། དེའི་ནང་གྲོ་མུའུ་ཁྲི3.18ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས་བརྒྱ་ཆ1.81འཕར། ནས་མུའུ་ཁྲི0.64ལ་ཟིན་པ་དེ་ན་ནིང་དུས་མཉམ་ལས23.59འཕར་ཡོད།

( པར་ངོས་གཉིས་པར་གཟིགས།)