国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་སློབ་མར་རྒྱལ་ཡོངས་སློབ་མའི་ཨང་ཀིའི་བྱང་ཚད་ལག་ལེན་བྱེད་སྒོའི་བྱ་དགའ་མཐོ་ཤོས་ཐོག་མ་ཐོབ།

ཉེ་ཆར་རྒྱལ་ཡོངས་སློབ་མའི་ཨང་ཀིའི་བྱང་ཚད་མཐོ་འདེགས་ལག་ལེན་བྱེད་སྒོ་སྐབས་ཉེར་བདུན་པ་ཀྲེ་ཅང་ཀྲུའུ་ཅི་རུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ལྕགས་ཟམ་སློབ་འབྲིང་གི་སློབ་མ་ཝང་ཁེ་ཞི་དང་ཀྲང་ཧན་ཡུས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཚབ་བྱས་ཏེ་ཚན་རྩལ་གསར་གཏོད་བརྩམས་ཆོས《ལྕགས་ཟམ་ཟམ་པ་འཕྲོག་པ》ལ་རྒྱལ་ཡོངས་ཀྱི་འདེམས་སྒྲུག་རིམ་པ་ཁག་བརྒྱུད་དེ་འགྲན་ཞུགས་ཕུལ་བྱུང་རུ་ཁག1000ལྷག་ནས་འབུར་དུ་ཐོན་ཏེ་གསར་འཆར་རིག་སྟོབས་ལས་གཞི(མཐོ་རིམ་སློབ་འབྲིང་ཚོ་ཆུང་)ཀྱི་བྱ་དགའ་མཐོ་ཤོས་ཏེ“གསར་གཏོད་སྐར་ཆེན”ཐོབ་པ་རེད། ད་ཐེངས་ཀྱི་བྱ་དགའ་ནི་རང་ཁུལ་གྱི་རྒྱལ་ཡོངས་ཀྱི་སློབ་མའི་ཨང་ཀིའི་བྱང་ཚད་མཐོར་འདེགས་ལག་ལེན་བྱེད་སྒོའི་ཁྲོད་ཐོབ་པའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཆེན་པོ་ཐོག་མ་དེ་ཡིན་པ་དང་། དེས་རང་ཁུལ་གྱི་རྒྱལ་ཡོངས་ཀྱི་དབང་གྲགས་འགྲན་བསྡུར་དེའི་བྱ་དགའི་རྣམ་གྲངས་གཙོ་བོའི་སྟོང་ཆ་བསྐངས་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།

འགྲན་ཞུགས་པའི་བརྩམས་ཆོས《དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་པ》དེ་རང་ཁུལ་གྱི་རང་ཡུལ་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་དམིགས་ཤིང་གསར་བརྗེའི་སྙིང་སྟོབས་བརྒྱུད་འཛིན་དང་དམ་པོར་འབྲེལ་ནས་གསར་བརྗེའི་རིག་གནས་དང་དེང་རབས་ཨང་ཀིའི་ཚན་རྩལ་གསར་གཏོད་ལག་རྩལ་མཉམ་འདྲེས་གང་ལེགས་བྱས་ཡོད། བརྩམས་ཆོས་དེར་གསར་རྩོམ་བསམ་ཕྱོགས་གསར་ཁྱད་ཆེ་བ་དང་། ལག་རྩལ་གནད་སྨིན་འཐུས་ཚང་མངོན་པ། དེ་བཞིན་རིག་གནས་ཀྱི་དོན་སྙིང་ཟབ་མོ་བཅས་ལ་བརྟེན་ནས་དཔྱད་ཞིབ་ཆེད་རམས་པའི་ཁས་ལེན་ཚད་མཐོན་པོ་ཐོབ་པ་དང་། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཨང་ཀིའི་བྱང་ཚད་ཡག་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་གསར་གཏོད་བསམ་གཞིག། དེ་བཞིན་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་གང་ལེགས་མངོན་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)