国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་ཞིང་ཆེན“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་དང་ལུས་རྩལ་དྲིལ་སྒྲོག་ གཟའ་འཁོར”བྱེད་སྒོ་རོང་བྲག་རྫོང་དུ་སྤེལ་འགོ་བཙུགས།

13120_01B_20260810སྤྱི་ཟླ8པའི་ཚེས8ཉིན། རང་རྒྱལ་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས18པ་ཚེས་ཤིང་སི་ཁྲོན་ཞིང་ཆེན་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་དང་ལུས་རྩལ་དྲིལ་སྒྲོག་གཟའ་འཁོར”བྱེད་སྒོ་དེ་རོང་བྲག་རྫོང་དུ་སྤེལ་འགོ་བཙུགས།

སྤྱི་ཟླ8པའི་ཚེས8ཉིན། རང་རྒྱལ་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས18པ་ཚེས་ཤིང་སི་ཁྲོན་ཞིང་ཆེན་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་དང་ལུས་རྩལ་དྲིལ་སྒྲོག་གཟའ་འཁོར”བྱེད་སྒོ་དེ་རོང་བྲག་རྫོང་དུ་སྤེལ་འགོ་བཙུགས་པ་རེད། འདི་ནི་ཞིང་ཆེན་རིམ་པའི་ཚོགས་ར་གཙོ་བོ་མི་རིགས་ས་ཁུལ་གྱི་རྫོང་ཁོངས་སུ་ཐོག་མར་སྤེལ་བ་ཡིན་ལ། སི་ཁྲོན་ཞིང་ཆེན་གྱིས་ཁྱད་ཆོས་ཀྱི་ཆུ་ཚད་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བསྐུལ་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་མི་རིགས་ས་ཁུལ་དུ་འཕེལ་རྒྱས་ཟབ་ཏུ་གཏོང་བར་སྐུལ་ཆེད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་རེད།

བྱེད་སྒོ་དེ་ཞིང་ཆེན་ལུས་རྩལ་ཅུས་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཁུལ་སློབ་གསོ་དང་ལུས་རྩལ་ཅུས། ཀྲུང་གུང་རོང་བྲག་རྫོང་ཨུ། རོང་བྲག་རྫོང་མི་དམངས་སྲིད་གཞུང་། ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས། ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་།( པར་ངོས་གཉིས་པར་གཟིགས།)