国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་བྱ་ཐབས་མང་པོ་སྤྱད་དེ་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་སྤུས་འབྲས་ཆེ་རུ་བཏང་།

ད་ལོ་ནས་བཟུང་། རང་ཁུལ་གྱིས་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་གཤམ་དུ་སྤེལ་བར་དམིགས་ནས་ཚན་རྩལ་ཁྱབ་གདལ་ལས་གྲྭ173ལག་ལེན་མཐར་ཕྱིན་བསྟར་བ་དང་། རྫོང(གྲོང་ཁྱེར)18ཀྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་ཞན་ཆར་ཁ་གསབ་དང་། ཚན་རིག་ཁྱབ་སྤེལ་དྲིལ་སྒྲོག་རླངས་འཁོར18བཀོད་སྒྲིག་བྱས་ནས་གྲོང་སྡེའི་སློབ་འབྲིང་ཚན་རྩལ་ཁང18དང་། ཚན་རིག་ལག་རྩལ་ཁྱབ་སྤེལ་ས་ཚུགས62བསྐྲུན་ཡོད། དེ་དང་ཆབས་ཅིག་ས་ཁོངས་ཡོངས་སུ་ཐེན་ཧྥུའུ་དྲྭ་ཐོག་ཚན་རྩལ་ཁུལ་རྫོང་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་ཚན་རྩལ་ཁྱབ་གདལ་དགེ་རྒན140བཀོད་སྒྲིག་བྱས་པ་དང“བུ་རྫི་རྣམ་པའི”ཚན་རྩལ་ཞབས་འདེགས་ཞུས་ཏེ་རིམ་རྩིས་བྱས་ན་མང་ཚོགས་ཁྲི1ལ་ཞབས་འདེགས་ཞུས་པ་རེད།

ཚན་རྩལ་ཁྱབ་གདལ་ཤེས་ལྡན་མི་སྣའི་ཞན་ཆར་དམིགས་ནས་ཆེད་རམས་པའི་ལས་དོན་ས་ཚུགས་དང་། ཚན་རྩལ་གླིང་ཆུང་། འབུམ་རམས་པ་གསར་གཏོད་ས་ཚུགས37བཅས་བསྐྲུན་པ་དང་། ཚན་རིག་ཞིབ་འཇུག་ཚོགས་པ100ལྷག་སྟབས་བསྟུན་ནང་འདྲེན་བྱས་ཏེ། རྒྱལ་ཁབ་རིམ་པའི་ཚན་རྩལ་གླིང་ཆུང་དང་། ཞིང་ཆེན་རིམ་པའི་ཆེད་རམས་པའི་ལས་དོན་ས་ཚུགས། ཞིང་ཆེན་རིམ་པའི་འབུམ་རམས་པའི་གསར་གཏོད་ས་ཚུགས་བཅས་མཐོ་རིམ་ལས་སྟེགས་རིགས་གསུམ་མེད་པ་ནས་ཡོད་པ་བྱས་ཡོད། ལས་སྟེགས་ལ་བརྟེན་ནས་ལག་རྩལ་ཞབས་ཞུ་དང་གྲུབ་འབྲས་གཞན་སྒྱུར་བྱས་ཏེ་རིམ་རྩིས་བྱས་ན་ཡུལ་མི་ཤེས་ལྡན་མི་སྣ80སྐྱེད་སྲིང་བྱས་པའི་ནང་མི8ལ་ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་ནས་གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ཡོད།

དཀར་མཛེས་ཁུལ་གྱི་དོན་དངོས་ལ་དམིགས་ནས“ཚན་རྩལ་ལ་བརྟེན་ནས་བདེ་སྐྱིད་སྐྲུན་པའི”ཚན་རྩལ་ཁྱབ་གདལ་གྱི་གྲགས་རྟགས་བཏོད་དེ“དཀར་མཛེས་ཁུལ་ལ་ཞིབ་འཇུག་དང་ཡུལ་སྐོར་ཡོང་བའི་ཁ་ཆད”ལ་དམིགས་ནས་ཚན་རྩལ་ཁྱབ་གདལ་གྱི་ཞིབ་སློབ་ལམ་ཐིག16དང་ཐོན་རྫས29བཏོན་ཡོད། གནམ་དཔྱད་དང་ས་གཤིས། གཟུགས་མེད་རིག་གནས་ཤུལ་བཞག་བཅས་དང་དེ་བཞིན་ལས་གྲྭ་གལ་ཆེན་གྱི་ཚན་རིག་ཁྱབ་གདལ་སློབ་ཚན་གསར་སྤེལ་བྱས་ནས་འཆད་ཁྲིད་ཆེན་པོ་ཐེངས178གཉེར་ནས་མི་ཁྲི1500ལ་ཁེབས་ཡོད་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)