国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ད་ལོ་ནས་བཟུང་རང་ཁུལ་གྱིས་འབྲུ་རིགས་ཉེན་མེད་ཐད་ཏང་སྲིད་འགན་འཁྲི་མཉམ་འཁུར་དམ་དུ་བཏང་ནས་རྨོ་ཞིང་སྲུང་སྐྱོང་དང་། སོན་བཟང་ཁྱབ་གདལ། གནོད་འཚེ་སྔོན་འགོག་གནོད་བསྙུང་བཅས་ཀྱི་བྱ་ཐབས་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ་མཐོ་སྒང་གི་དབྱར་འབྲུ་ཐོན་སྐྱེན་བརྟན་ལ་ཡོང་འབབ་འཕར་བའི་གཞི་རྩ་བརྟན་པོ་བཙུགས་ཡོད།《ཁུལ་ཡོངས་ཀྱིས“བཟང་པོ་བཞི”མཉམ་འདྲེས་ཟབ་མོ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བའི་ལས་ཀའི་ཇུས་གཞི》བཟོས་ནས་བཏོན་པ་དང་འབྲུ་སྣུམ་ལོ་ཏོག་གི་སྣ་ཁ་གལ་ཆེན་ཁྱབ་གདལ་དཀར་ཆག་བསྒྲགས་ཏེ་ས་ཞིང་བཟང་པོ་དང་། ས་བོན་བཟང་པོ། འཕྲུལ་ཆས་བཟང་པོ། ཐབས་ཤེས་བཟང་པོ་བཅས་མཉམ་དུ་ཤུགས་བརྒྱག་རྒྱུར་བསྐུལ་བ་རེད།

ད་ལོ་ཁུལ་ནང་ཁུལ་གྱི་ས་ཆ་མང་ཆེ་བར་དྲོད་ཚད་ཆེ་བ་དང་འཕར་ཆག་ཆེ་བ་སོགས་གནམ་གཤིས་ངན་པར་འཕྲད་ཚེ་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ལས་གནམ་གཤིས་གནོད་འཚེ་དང་ཐན་སྐྱོན་གྱི་སྔོན་ཚུད་ཉེན་བརྡ་སྔོན་ལ་བསྒྲགས་ཏེ་དབྱར་ཐོག་བསྡུ་བའི་རྫོང10ཡིས་ཡུལ་བབ་དང་བསྟུན་ནས་མི་ཐབས་ལ་བརྟེན་ནས་ཞིང་ཆུ་གཏོང་བ་དང་། ལུད་ཆུ་སྙོམས་སྒྲིག། ཆུ་གསོག་སྒྲིག་བཀོད་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་ཆར་ཆུ་འབབ་ཚད་མི་འདང་སར་ཁ་གསབ་ཡག་པོ་བྱས་ཏེ་དབྱར་ཐོག་ཐོན་ཚད་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། དེ་དང་ཆབས་ཅིག་རང་ཁུལ་གྱི་ཚན་རིག་དང་མཐུན་པའི་སྒོ་ནས་ལུད་བླུགས་སྨན་སྤྱོད་མཛུབ་ཁྲིད་བསམ་འཆར་དང་ནད་འབུའི་གནོད་འཚེ་གཙོ་བོ་ཐོན་ཚུལ་གྱི་སྔོན་བརྡ་བཀྲམ་པར་གཞིགས་ན། སྐྱེ་དངོས་གནོད་འབུ་ཕོག་ཚད་ཆུང་ཙམ་སོང་བ་དང་། ན་ནིང་ལས་བརྒྱ་ཆ33.5དང་བརྒྱ་ཆ14.3དང་། བརྒྱ་ཆ26མར་ཆག་ཅིང་། ནད་འབུའི་གནོད་འཚེ་ཐོན་ཁྱོན་ལོ་གོང་མ་ལས་སྤྱིའི་ཆ་ནས་བརྒྱ་ཆ21.5ཆག་ནས་དབྱར་འབྲུ་ཐོན་ཚད་བརྟན་པོར་བསྲུངས་ཐུབ་ཡོད་པ་རེད།།

( ལྷ་འཛོམས་དང་ཀུན་དགས་བསྒྱུར།)