( པར་ངོས་དང་པོར་མཐུད།)ཞིང་ཆེན་ལུས་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་དང་། རོང་བྲག་རྫོང་སློབ་གསོ་དང་ལུས་རྩལ་ཅུས། རོང་བྲག་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཞོགས་འདེགས་བྱས་ནས་སྒྲུབ་འགན་འཁུར་བ་རེད། སྤྱི་ཟླ8པའི་ཚེས8ཉིན། གསར་དུ་བཟོ་བཅོས་བརྒྱབ་པའི《སི་ཁྲོན་ཞིང་ཆེན་གྱི་ལུས་རྩལ་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ཁྲིམས་སྐྱོང་གི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་། ཐེངས་འདིའི་བྱེད་སྒོ་རབ་དང་རིམ་པས་སྲོལ་ཡིག་དྲིལ་བསྒྲགས་དང་ལུས་རྩལ་དང་བླངས་ཞབས་ཞུའི་འབྲེལ་ཡོད་བླང་བྱ་དུས་གཅིག་ཏུ་དོན་ལ་འཁྱོལ་བ་རེད།
ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གནས་མཆོག་དཀར་མཛེས་ལ།། འཛོམ་པའི་ཁ་ཆད་ཡོད།། ཅེས་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ལ་བརྟེན་ནས་ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་ཧུར་ཐག་གིས་སྐུལ་བ་དང་། རིག་གནས་ཡུལ་སྐོར་མཉམ་སྡེབ་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་རེད། ཁུལ་ཡོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་བཀོད་སྒྲིག་ལ་བརྟེན་ནས་རོང་བྲག་རྫོང་གིས་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང་རིམ་པའི་ལུས་རྩལ་ཁང་དང་ཡུལ་ཤོག་གི་ལུས་སྦྱོང་ལྟེ་གནས་དང་གྲོང་སྡེ་རིམ་པའི་ལུས་སྦྱོང་བྱ་ཡུལ་གྱི་རིམ་པ་གསུམ་པའི་ལུས་སྦྱོང་སྒྲིག་བཀོད་མ་ལག་བསྐྲུན་ནས་མང་ཚོགས་ཀྱིས་ཐག་ཉེ་སར་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུར་འགན་ལེན་ཏན་ཏིག་བྱས་པ་རེད། ཐེངས་འདིའི་ཞིང་ཆེན་རིམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེ་ཐོག་ནས་རོང་བྲག་རྫོང་གི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་དེ་སྒྲིག་བཀོད་ཆ་ཚང་སྒྲིག་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་བྱེད་སྒོ་སྤེལ་བ་ནས་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་སྤུས་ཚད་རིམ་སྤོར་མངོན་འགྱུར་བྱུང་བ་མཚོན་པ་རེད།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
