( པར་ངོས་དང་པོར་མཐུད།)
ཀྲའོ་པོ་ཡིས་ལི་ཐང་རྫོང་གི་འཁོར་གཏོང་ཡུལ་སྐོར་ལམ་ཐིག་དགེ་བསྙེན་ལྷོ་རྒྱུད་ཀྱི་ལམ་རྒྱུད་དུ་འཁྱམ་ས་དང་སྒར་སའི་གནས་ཚང་ཐོན་ལས་གཉེར་སྐྱོང་། ཕྱི་རོལ་སྤྲོ་གསེང་ཡུལ་ལྗོངས་སྐྲུན་པ། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་། ཁོང་གིས་གསར་སྤེལ་དང་སྲུང་སྐྱོང་མཉམ་འཛིན་རྒྱུན་འཁྱོངས་དང་། མ་སྐུལ་དང་བླངས་ཀྱིས་རྒྱལ་སྤྱིའི་རྩེར་སོན་དཔེ་མཚོན་ཚད་གཞི་དང་བསྡུར་བ། ཡུལ་སྐོར་བའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་རིག་གནས་ཡུལ་སྐོར་ཐོན་རྫས་སྐྱེད་སྲིང་བྱེད་པ། འཁོར་ལྷས་དང་། ལྗོངས་སྟེགས། ཡུལ་སྐོར་གསང་སྤྱོད་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་སྤུས་ཚད་མཐོར་འདེགས་མགྱོགས་སུ་གཏོང་བ། ཁྱད་ཡོན་གསབ་རེས་དང་ནུས་པ་མཐུན་སྦྱོར་གྱི་རིག་གནས་ཡུལ་སྐོར་སྤུས་ལེགས་སྐོར་ལམ་བཏོད་དེ་སྐྱེ་ཁམས་རིན་ཐང་དེ་ཡུལ་སྐོར་གྱི་འགྲན་རྩོད་ནུས་པ་གཙོ་བོར་བསྒྱུར་གང་ཐུབ་བྱ་དགོས་གསུངས།
ཀྲའོ་པོ་སྔ་རྗེས་སུ་ཉག་ཆུ་རྫོང་གི་མཁར་རིང་པོ་ཡུལ་ཤོག་བེ་ཤ་གྲོང་ཚོ་དང་རྒན་རྒོན་བཟའ་བཏུང་རོགས་རམ་ས་ཚུགས་སུ་ཕེབས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་གནང་ཞིང་། ཡུལ་དངོས་སུ་མགྱོགས་སྦྲག་གྲོང་ཚོར་ཞུགས་པའི་ཞབས་ཞུ་བྱེད་ས་འཛུགས་སྐྲུན་དང་དངོས་ཟོག་སྐྱེལ་འདྲེན་དུས་ཚད། གཉེར་སྐྱོང་ཁ་གསབ་དོན་འཁྱོལ་བཅས་དང་། དེ་བཞིན་རྒན་རྒོན་བཟའ་བཏུང་རོགས་རམ་ལས་གཞི་གཉེར་སྐྱོང་དང་། མ་དངུལ་འཇོག་པ། བཟའ་བཏུང་རོགས་རམ་ཁ་གསབ་སྤྲོད་པ། ཞབས་ཞུའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ཡང་རྟོག་ཞིབ་གནང་བ་རེད།
ཀྲའོ་པོ་ཡིས་ལི་ཐང་རྫོང་དགེ་བསྙེན་གྲོང་རྡལ་གནས་སྒོ་དགོན་གསར་དང་འབའ་ཐང་རྫོང་ཆོས་སྡེ་དགོན་དུ་དགེ་འདུན་པ་དང་དགོན་གཉེར་ཨུ་ལྷན་གྱི་ལས་བྱེད་པ་དང་གླེང་མོལ་གནང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སྒྲོག་འགྲེལ་དང་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་དང་། དགེ་འདུན་པའི་སློབ་སྦྱོང་འཚོ་བ། ལམ་ལུགས་ཁག་དོན་ལ་འཁྱོལ་ཚུལ་བཅས་ཆ་རྒྱུས་ཞིབ་ཕྲ་ལོན་པ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། དགོན་སྡེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་དོ་དམ་རྒྱུན་མཐུད་དམ་འཛིན་ཏན་ཏིག་བྱེད་པ། “ཏང་གཅེས་དང་རྒྱལ་གཅེས་ཆོས་གཅེས་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན།”དང“འདུ་ཤེས་གསུམ”སོགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་ཚུལ་ངང་སྤེལ་བ།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ལ་རྒྱལ་གཅེས་ཆོས་གཅེས་དང་། དད་གཙང་སྤྱོད་དྲང་བྱ་རྒྱུ་སྣེ་ཁྲིད་དེ། མི་རིགས་མཐུན་འགྲིག་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།
སྤྱི་ཟླ8པའི་ཚེས6ཉིན་ལ། ཀྲའོ་པོ་ཡིས་ཧྭ་གློག་འབྲི་ཆུ་སྟོད་རྒྱུད་འབའ་ཐང་ཆུ་ཤུགས་གློག་ཁང་དུ་གློག་ཁང་འཁོར་སྐྱོད་དང་གློག་ཚད་བགོ་བཤའ། སྐྱེ་ཁམས་ཉ་ལམ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བ་རེད། ཀྲའོ་པོ་ཡིས་འབའ་ཐང་རྫོང་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པ་སོགས་ལས་ཡུལ་ངལ་རྩོལ་པ་དང་ལས་ཞུགས་གསར་པའི་ཚོགས་སྤྱིའི་འཐུས་མིར་འཚམས་འདྲི་གནང་ནས་ཚང་མས་དཀའ་སྤྱད་སྙིང་རུས་དང་། གཏོང་ཕོད་ཆེ་བ། ལས་བཀུར་ལས་བརྩོན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་བྱས་རྗེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
ཁུལ་མགོ་ཁྲིད་ཡོན་ཀང་དང་ལིའུ་ཧུང་། ཉག་ཆུ་དང་ལི་ཐང་། འབའ་ཐང་རྫོང་བཅས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ནང་ཞུགས་པ་རེད།།
( ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
